འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།“2023·ཀྲུང་གོའི་བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས”པེ་ཅིང་དུ་འཚོགས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་24ཉིན། 15:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཟླ་5ཚེས་23ཉིན། “2023· ཀྲུང་གོའི་བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས”པེ་ཅིང་དུ་འཚོགས།
གླེང་སྟེགས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། རྒྱལ་ཁབ་དང་ས་ཁུལ་36ནས་ཡོང་བའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་150ལྷག་ཙམ་གྱིས“དུས་རབས་གསར་པ་དང་། བོད་ལྗོངས་གསར་པ། འཐབ་ལམ་གསར་པ་སྟེ། བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་འགན་ལེན་གྱི་ལེའུ་གསར་པའི”བརྗོད་དོན་གཙོ་བོར་དམིགས་ཏེ། སྤེལ་རེས་རྒྱ་ཁྱབ་དང་གྲོས་བསྡུར་གཏིང་ཟབ་བྱས་ནས། དཔལ་འབྱོར་འཕེལ་རྒྱས་དང་། རིག་གནས་རྒྱུན་འཛིན། སྐྱེ་ཁམས་སྲུང་སྐྱོབ། འགྲོ་བ་མིའི་ཐོབ་ཐང་འགན་ལེན་སོགས་ཐད་བོད་ལྗོངས་ལ་ཐོབ་པའི་ཡར་རྒྱས་གསར་པ་ཁས་ལེན་གང་ལེགས་བྱས་པ་རེད།