འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་གྱི་རང་བྱུང་ཐོན་ཁུངས་ཁོངས་གཏོགས་ཀྱི་ཕྱི་རྒྱལ་གྱི་དངོས་གཞིའི་ཀུང་སི་ཐོག་མ་འཁོར་རྒྱུག་བདེ་བླག་བྱུང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་24ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་སྔོན་རང་བྱུང་ཐོན་ཁུངས་ཁོངས་གཏོགས་ཀྱི་ཕྱི་རྒྱལ་གྱི་དངོས་གཞིའི་ཀུང་སི་སྟེ། ལོ་སིའི་མཚོ་སྔོན་བཟོ་སྐྲུན་ལག་རྩལ་ཚད་ཡོད་ཀུང་སིས་ལོ་སིའི་ཝན་ཤང་ཅཱ་ཚྭའི་གཏེར་རྩད་ཞིབ་ཀྱི་ཨི་ཁུང་ཐོག་མར་འབིགས་པའི་མཛད་སྒོ་འཚོགས་པ་རེད། སྐབས་འདིར། ཞིང་ཆེན་ཉིང་རྡུལ་བཟོ་ལས་ས་གཤིས་ཅུས་ཀྱིས་མ་དངུལ་ཆ་ཚང་བཏང་བའི་ཀུང་སི་ས་གནས་དེ་གར་ཟླ་བ་གསུམ་ལྷག་ཙམ་འཁོར་རྒྱུག་བདེ་བླག་ངང་བྱས་པ་རེད།
     ལོ་སིའི་མཚོ་སྔོན་བཟོ་སྐྲུན་ལག་རྩལ་ཚད་ཡོད་ཀུང་སི་འཛུགས་པར་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་དང་། ཞིང་ཆེན་ཚོང་དོན་ཐིང་། ཞིང་ཆེན་ཕྱི་དོན་གཞུང་དོན་ཁང་། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན། ལོ་སིའི་བཟོ་ལས་དང་ཚོང་དོན་པུའུ་བཅས་ཀྱི་རྒྱབ་སྐྱོར་ཐོབ་པ་རེད། དེའི་རིང་ཀུང་སིས་བྱང་ཆུབ་པའི་ལག་རྩལ་དང་དོ་དམ་ཚོགས་པར་བརྟེན་ནས་ལོ་སི་དང་དེ་བཞིན་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་དུ་ཅཱ་རྒྱུའི་ཐོན་ཁུངས་ཀྱི་ས་གཤིས་ལག་རྩལ་ཆེན་པོའི་ཞབས་ཞུ་དང་ས་གཤིས་རྩད་ཞིབ་དང་སྣུར་སྲིང་ཐོན་ལས་ཀྱི་ཕྱོགས་བསྡུས་ལག་རྩལ་གྱི་ཞབས་ཞུའི་ལས་དོན་སྤེལ་བ་དང་། ཀྲུང་གོའི་མ་འཇོག་ཁེ་ལས་མང་པོས་ལོ་སི་དང་། ཐེ་ལན། ཐུ་ནི་སི་བཅས་སུ་རྩད་ཞིབ་ཀྱི་རྣམ་གྲངས་མང་པོ་སྒྲུབ་འགན་འཁུར་བས་དངུལ་ལོར་གཏོང་ཚད་མཐོ་ཤོས་སུ་སླེབས་ཡོད་པ་རེད། ཀུང་སི་དེ་ནི་ཞིང་ཆེན་ཉིང་རྡུལ་བཟོ་ལས་ས་གཤིས་ཅུས་ཀྱི“ཕྱིར་སྐྱོད་པའི”ལས་སྟེགས་གསར་པ་ཞིག་ཡིན་པ་དེས་ཅུས་ཡོངས་ཀྱི་ས་གཤིས་རྩད་ཞིབ་གཉེར་སྐྱོང་ལས་སྒོ་དང་ལག་རྩལ་སྟོབས་ཤུགས་བསྡུ་སྒྲིལ་གྱིས་སླད་ཕྱིན་གཏེར་ལས་བདག་དབང་གི་མ་དངུལ་མཉམ་འདྲེས་དང་། ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་། བྲག་རྡོ་ལས་གྲྭའི་རྩད་ཞིབ་སོགས་ཀྱི་ལས་སྒོ་གཞི་ཁྱོན་ལྡན་པའི་ཚད་བརྒལ་ཡོང་བར་བྱས་ནས། ཀྲུང་གོ་དང་ལོ་སིའི་དབར་གྱི་སྤེལ་རེས་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།