འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཁལ་མར་བརྟེན་ནས་ཇོ་མོ་གླང་མར་འཛེག་པའི་ཕུགས་འདུན་མངོན་འགྱུར་བྱེད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་24ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཁལ་མ་རུ་ཁག་ས་བབ་མཐོ་ཚད་སྨི་6500ཡོད་པའི་ཇོ་མོ་གླང་མའི་མདུན་སྐྱོད་སྒར་སར་སྐྱོད་བཞིན་པ།
འདི་ནི་ཁལ་མ་རུ་ཁག་ས་བབ་མཐོ་ཚད་སྨི་6500ཡོད་པའི་ཇོ་མོ་གླང་མའི་མདུན་སྐྱོད་སྒར་སར་སྐྱོད་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་འབྱོར་གསལ། བོད་ལྗོངས་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་ནི་རང་རྒྱལ་གྱི་ས་ཁོངས་ནང་རི་བོ་ཇོ་མོ་གླང་མ་དང་བར་ཐག་ཉེ་ཤོས་ཀྱི་སྲིད་འཛིན་ཤང་ཞིག་རེད། ས་གནས་དེ་གའི་རྒན་རྒོན་ཚོས“བཀྲ་ཤིས་འཛོམས་ཀྱི་ཁལ་མའི་སྒལ་པར་མིའི་རིགས་ཡོངས་ཇོ་མོ་གླང་མའི་བྱང་ངོས་ནས་འཛེག་པའི་ལོ་རྒྱུས་ཀྱི་ལས་འགན་འཁུར་ཡོད”ཅེས་བརྗོད་ཀྱི་ཡོད།
     ཇོ་མོ་གླང་མའི་རི་ཁུལ་གྱི་དམིགས་བསལ་གྱི་རང་བྱུང་ཁོར་ཡུག་གིས་ཁལ་མ་ཇོ་མོ་གླང་མར་འཛེག་པ་དང་། ཚན་རིག་ཞིབ་དཔྱད་དང་མྱུལ་དཔྱད་སོགས་ཀྱི་བྱེད་སྒོར་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་ལག་ཆ་གཙོ་བོ་ཞིག་ཏུ་གྱུར་ཡོད་ལ། ཁལ་མ་འདེད་མཁན་དག་ཀྱང་བཀྲ་ཤིས་འཛོམས་ཤང་གི་ན་གཞོན་ངལ་རྩོལ་ནུས་ཤུགས་ལོ་ལྟར་རི་འཛེག་དུས་ཚིགས་ཀྱི་གཏན་འཇགས་ལས་ཀ་བྱེད་མཁན་ལ་གྱུར་ཡོད།
     1960ལོར་ཀྲུང་གོའི་རི་འཛེག་རུ་ཁག་ཇོ་མོ་གླང་མར་ཐོག་མར་འཛེགས་པའི་རྒྱལ་ཁབ་ཀྱི་རི་འཛེག་ལས་འགན་ཆེ་གྲས་དང་། རྗེས་སུ་དར་རྒྱས་བྱུང་བའི་བྱང་ལྡེབས་ཀྱི་ཚོང་ལས་རི་འཛེག་བྱེད་སྒོའི་ཁྲོད་ཡིན་ནའང་འདྲ། ཇོ་མོ་གླང་མའི་ཚན་ཞིབ་བྱེད་སྒོ་ཆེ་གྲས་གང་ཞིག་སྤེལ་རིང་། ཚང་མར་བཀྲ་ཤིས་འཛོམས་ཤང་གི་ཞིང་འབྲོག་པས་ཁལ་མ་འདེད་ནས་རི་རྩེར་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་གཟུགས་བརྙན་མཐོང་རྒྱུ་ཡོད།
     སྐྱེལ་འདྲེན་རུ་ཁག་གི་ལས་ཀའི་བརྒྱུད་རིམ་ནི་གཏན་འཇགས་ཤིག་ཡིན་པ་སྟེ། ཁལ་མ་འདེད་མཁན་གྱིས་ཁལ་མ་ས་བབ་མཐོ་ཚད་སྨི་5200ཟིན་པའི་ཇོ་མོ་གླང་མའི་རི་འཛེག་སྒར་ས་ཆེན་པོར་འདེད་རྗེས་དེ་ནས་དབྱང་རླུང་དམ་བི་དང་གུར་སོགས་བཀལ་ནས་ས་བབ་མཐོ་ཚད་སྨི་6500ཟིན་པའི་ཇོ་མོ་གླང་མའི་མདུན་སྐྱོད་སྒར་སར་སྐྱོད་ཀྱི་ཡོད།
     མིག་སྔར་2023ལོའི་ཇོ་མོ་གླང་མའི་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་དུ་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ལས་དོན་ཇོ་མོ་གླང་མའི་ཁུལ་དུ་སྤེལ་བཞིན་ཡོད་པ་རེད། བཀྲ་ཤིས་འཛོམས་ཤང་ཆོས་རྫོང་གྲོང་ཚོའི་ཁལ་མ་འདེད་མཁན་དཔལ་ལྡན་གྱིས་ཉིན་གཉིས་ཀྱི་གོང་ནས་ཁལ་མ་འདེད་དེ་ཚན་རིག་རྟོག་ཞིབ་རུ་ཁག་ལ་དངོས་ཟོག་དང་ཚན་རིག་རྟོག་ཞིབ་སྒྲིག་ཆས་སྐྱེལ་རོགས་བྱས་པ་རེད།
     རི་འཛེག་དང་ཚན་རིག་རྟོག་ཞིབ་སོགས་བྱེད་སྒོའི་དངོས་ཟོག་སྐྱེལ་འདྲེན་གྱི་ལས་འགན་ལེགས་སྒྲུབ་བྱས་པ་དང་དུས་མཚུངས། ཁལ་མར་བརྟེན་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་པ་དེའང་ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཐོན་པ་ནས་ཕྱིར་ལོག་པའི་བར་ཉིན་9ཡི་ནང་ཁལ་མ་འདེད་མཁན་དཔལ་ལྡན་ལ་གླ་ཆ་སྒོར་4000རག་ཡོད། “ང་དང་འདྲ་བའི་ཁལ་མ་འདེད་མཁན་རྣམས་རི་འཛེག་དུས་ཚིགས་ཧྲིལ་པོར་མདུན་སྐྱོད་སྒར་སར་ཐེངས་གསུམ་བཞི་བསྐྱོད་པར་ཡོང་འབབ་སྒོར་ཁྲི་གཉིས་ཙམ་རག་གི་ཡོད”ཅེས་དཔལ་ལྡན་གྱིས་བཤད།
     ད་ཆ་དངོས་ཟོག་སྐྱེལ་འདྲེན་བྱེད་པ་ཕུད་ཁལ་མ་འདེད་མཁན་དང་ཁལ་མ་རུ་ཁག་གིས་ད་དུང་ལམ་བར་དུ་གད་སྙིགས་སྒྲུག་པ་དང་གད་སྙིགས་རི་གཤམ་དུ་དབོར་བའི་ལས་འགན་འཁུར་གྱི་ཡོད། དཔལ་ལྡན་གྱིས། འཛམ་གླིང་ཡོངས་ལ་ཇོ་མོ་གླང་མ་གཅིག་ལས་མེད་པས། ང་ཚོས་མཉམ་དུ་དེར་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་བཤད།
འདི་ནི་ཇོ་མོ་གླང་མའི་རི་འཛེག་སྒར་ས་ཆེན་པོར་ཁལ་མ་འདེད་མཁན་གྱིས་ཁལ་མར་ཁལ་འགེལ་བཞིན་པ།
འདི་ནི་ཇོ་མོ་གླང་མའི་རི་འཛེག་སྒར་ས་ཆེན་པོར་ཁལ་མ་འདེད་མཁན་གྱིས་ཁལ་མར་ཁལ་འགེལ་བཞིན་པ།
འདི་ནི་ཇོ་མོ་གླང་མའི་རི་འཛེག་སྒར་ས་ཆེན་པོའི་ཉེ་འགྲམ་གྱི་གུར་ནང་ཁལ་མ་འདེད་མཁན་གྱིས་ཇ་སྐོལ་བཞིན་པ།
འདི་ནི་ཇོ་མོ་གླང་མའི་རི་འཛེག་སྒར་ས་ཆེན་པོའི་ཉེ་འགྲམ་གྱི་གུར་ནང་ཁལ་མ་འདེད་མཁན་གྱིས་ཇ་སྐོལ་བཞིན་པ།