འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཀྱི་རྒྱལ་ཁབ་ཕྱི་ནང་གི་ལྟ་སྐོར་སྐུ་མགྲོན་གྱིས་
ལྷ་སའི་ནོར་བུ་གླིང་ཁར་སྒོར་གཞས་འཁྲབ་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་23ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   


    ཟླ་5ཚེས་19ཉིན། 2023ལོ·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཀྱི་རྒྱལ་ཁབ་ཕྱི་ནང་གི་ལྟ་སྐོར་འཚམས་འདྲི་ཚོགས་པའི་སྐུ་མགྲོན་ལྷ་སར་བསྐྱོད་དེ་ནོར་བུ་གླིང་ཁའི་ལྷ་མོའི་འཁྲབ་སྟོན་ལ་གཟིགས་པ་དང་། བོད་ཀྱི་ཞལ་ཟས་ཀྱི་བྲོ་བ་མྱོང་ནས་བོད་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ངོ་མཚར་མྱོང་རོལ་བྱས་པ་རེད། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)གིས་རིན་མི་དགོས་པའི་ལོ་ཆུང་བྱིས་པའི་ལྷ་མོའི་རྣམ་ཐར་གྱི་གསོ་སྦྱོང་འཛིན་གྲྭ་བཙུགས་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཁག་གཅིག་གིས་སློབ་གསེང་དུས་ཚོད་སྤྱད་དེ་ལྷ་མོ་སློབ་སྦྱོང་བྱས་ཡོད་པས། ཁོང་ཚོས་ངོ་མཚར་ཆེ་བའི་ལྷ་མོ་འཁྲབ་སྟོན་བྱས་པ་དང་། འཁྲབ་སྟོན་པ་ཆུང་ཆུང་ཚོ་ལོ་ན་ཆུང་ཡང་ངོ་མཚར་ཆེ་བའི་ཆེད་ལས་ཅན་གྱི་འཁྲབ་སྟོན་བྱས་ཐུབ་ཡོད་པས། འཁྲབ་ར་ཡོངས་སུ་ཐལ་མོའི་སྒྲས་ཁེངས་ཤིང་བཅར་འདྲིའི་བྱེད་སྒོ་དེའང་སྤྲོ་སྣང་ལྡན་པའི་སྒོར་གཞས་ཁྲོད་མཇུག་འགྲིལ་ཡོད་པ་རེད།