འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་གྱིས་གེགས་མེད་ཁོར་ཡུག་འཛུགས་སྐྲུན་གྱི་ཉམས་ལེན་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་23ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། “རྒྱལ་ཡོངས་དབང་པོ་སྐྱོན་ཅན་རོགས་རམ་ཉིན་མོ”ཐེངས་སོ་གསུམ་པ་འཆར་བ་དང་དུས་མཚུངས། མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་དང་། ཟི་ལིང་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་དབང་པོ་སྐྱོན་ཅན་ཆེད་དོན་མཐུན་ཚོགས་བཅས་དང་མཉམ་དུ་དབང་པོ་སྐྱོན་ཅན་གྱི་འཐུས་མི་དང་། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཨུ་ཡོན་བཅས་སྒྲིག་འཛུགས་བྱས་ཏེ་ཟི་ལིང་དུ་གེགས་མེད་ཁོར་ཡུག་ཉམས་ལེན་བྱས་པ་རེད།
     ཉམས་ལེན་ཚོགས་ཆུང་གིས་ཟི་ལིང་གྲོང་ཁྱེར་ཧའེ་ཧུའུ་ཁུལ་གསར་གྱི“ཐང་ལམ·637”དུ་བསྐྱོད་དེ། “རིག་ནུས་མཉམ་སྤྱོད་ཁང་ཆུང”ཞོར་འདེགས་ཡོ་བྱད་ཀྱི་ཨང་བཤེར་བོགས་གཏོང་དང་། གྲོང་མིའི་སྤྲོ་གསེང་ཐང་ཆེན་གྱི་སྤྱི་པའི་གསང་སྤྱོད་ཀྱི་གེགས་མེད་སྒྲིག་ཆས་སྤྱོད་བདེ་ཚད། ཉོ་སྒྲུབ་བགྲོད་ལམ་གྱི་གེགས་མེད་སྒྲིག་བཀོད། འགྲོ་ལམ་བཞི་མདོའི་གེགས་མེད་ཐུར་ལམ་བཀོད་སྒྲིག་སོགས་ལ་ཉམས་ལེན་བྱས་པ་རེད། ཝུན་ཐིང་སྲང་ལམ་སྡེ་ཁུལ་དུ་ལས་དོན་མི་སྣས“ལག་བརྡ་སྐད་སྒྱུར་ལྟེ་གནས་+དྲ་ཐོག་ལག་བརྡ་སྐད་སྒྱུར་ཞབས་ཞུ”མ་ལག་བརྒྱུད་རྒྱང་འཁྲིད་དྲ་སྦྲེལ་གྱི་བརྙན་ལམ་རྣམ་པའི་ཐོག་ནས་འོན་པ་ཚོར་དུས་ཐོག་ཏུ་དྲ་ཐོག་ལག་བརྡའི་སྐད་སྒྱུར་བྱས་ནས་འོན་པ་དང་གེགས་མེད་འབྲེལ་འདྲིས་ཐུབ་པ་རེད།