འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཁབ་འདི་གཉིས་ཀྱིས་ཉིན་7རིང་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་བཞག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་22ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རི་དང་སོ་ཏི་ཨ་རབ་གཉིས་ཀྱིས་གསལ་བསྒྲགས་ཤིག་གི་ནང་འཁོད་དོན། སུའུ་ཏན་དྲག་དཔུང་དང་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གིས་སོ་ཏི་ཨ་རབ་གྲོང་ཁྱེར་ཅི་ཏ་རུ་དུས་ཡུན་ཉིན་7རིང་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།
     གནས་འཕྲིན་སྤེལ་བར་གཞིགས་ན། གྲོས་མཐུན་དེ་སུའུ་ཏན་གྱི་དུས་ཚོད་ཚེས་22ཉིན་གྱི་དགོང་མོར་རྩིས་འགྲོ་ཡོད་པ་དང་། ཕྱོགས་གཉིས་པོའི་མོས་མཐུན་ཐོབ་པ་བརྒྱུད་ནར་འགྱངས་བྱས་ཆོག ཨ་རི་དང་སོ་ཏི་ཡིས་གསལ་བསྒྲགས་ཁྲོད་འཁོད་དོན། ཕྱོགས་གཉིས་ཀས་སོ་ཏི་དང་ཨ་རིའི་བར་འདུམ་པར། ཁོ་ཚོས་གྲོས་མཐུན་ལ་མིང་རྟགས་བཀོད་རྗེས་དང་དམག་མཚམས་འཇོག་པའི་སྔོན་གྱི་དུས་ཚོད་48ནང་དམག་དོན་གྱི་ལེགས་ཆ་བརྩོན་ལེན་མི་བྱེད་པའི་ཁས་ལེན་རྒྱུ་ཡིན་ལུགས་བསྟན།
     ཨ་རི་དང་སོ་ཏི་ཕྱོགས་ནས། སུའུ་ཏན་གདོང་གཏུག་ཕྱོགས་གཉིས་པོས་དེ་སྔོན་ཁྱབ་བསྒྲགས་བྱས་པའི་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་ལ་བརྩི་སྲུང་མ་བྱས་མོད། འོན་ཀྱང་ཐེངས་འདིར་ཅི་ཏ་རུ་བཞག་པའི་གྲོས་མཐུན་དེ་ཨ་རི་དང་སོ་ཏི་རྒྱལ་སྤྱིའི་ལྟ་སྐུལ་ལམ་སྲོལ་འོག་ལག་བསྟར་བྱ་རྒྱུ་ཡིན་ཟེར། ལྟ་སྐུལ་དང་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་ནི་ཨ་རི་དང་སོ་ཏི་དེ་བཞིན་གདོང་གཏུག་ཕྱོགས་གཉིས་ཀྱི་འཐུས་མི་གསུམ་ལས་གྲུབ་པ་ཡིན།