འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འདི་དག་ནི་ཁྲིམས་འགལ་གྱི་སྤྱི་ཚོཊ་རྩ་འཛུཊ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་22ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     དམངས་སྲིད་པུས་2023ལོའི་ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས་ཁག་དང་པོའི་མིང་ཐོ་ཁྱབ་བསྒྲགས་བྱས།
     ཟླ་5ཚེས་19ཉིན་དམངས་སྲིད་པུས་2023ལོའིཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས་ཁག་དང་པོའི་མིང་ཐོ་ཁྱབ་བསྒྲགས་བྱས་པའི་ནང་། ཀྲུང་གོའི་ཞབས་བྲོའི་སྒྱུ་རྩལ་སློབ་གསོ་མཁས་ཅན་མཐུན་ཚོགས་དང་། ཀྲུང་གོའི་ལུག་བལ་ཚོང་ཚོགས། རྒྱལ་ཡོངས་ཀྱི་སྤུས་ཚད་བདེན་དཔང་ར་སྤྲོད་འཕེལ་རྒྱས་ཨུ་ལྷན། ཀྲུང་གོའི་མི་དོན་ངལ་རྩོལ་འགན་སྲུང་སློབ་ཚོགས། ཀྲུང་གོའི་སྤུས་རྟགས་འཕེལ་རྒྱས་སྐུལ་འདེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་རྨང་གཞིའི་སློབ་གསོ་འཕེལ་རྒྱས་ཞིབ་འཇུག་སློབ་ཚོགས། ཀྲུང་གོའི་གྲོང་གསེབ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས། ཀྲུང་གོའི་ཐོན་རྫས་སྤུས་ཚད་བདེན་དཔང་ར་སྤྲོད་ཁས་ལེན་ལྟ་སྐུལ་དོ་དམ་ལྟེ་གནས། ཀྲུང་གོའི་ཐོན་རྫས་སྤུས་ཚད་བདེན་དཔང་ར་སྤྲོད་ལྟེ་གནས། ཀྲུང་གོའི་སྤུས་རྟགས་སྤུས་ཚད་འཕེལ་རྒྱས་དོ་དམ་ལྟེ་གནས། ཀྲུང་གོའི་སྤུས་ཚད་ཁེ་ལས་གདེང་འཇོག་དོ་དམ་ཨུ་ལྷན། ཀྲུང་གོའི་དོ་དམ་ཨུ་ལྷན་བཅས་11ཚུད་ཡོད་པ་རེད།
     དམངས་སྲིད་པུས་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་རྩ་འཛུགས་དེ་དག་གི་བྱེད་སྒོའི་ཁུངས་སྣེ་ཤེས་རྟོགས་ཐུབ་ཚེ། “ཀྲུང་གོའི་སྤྱི་ཚོགས་རྩ་འཛུགས་ཀྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་”དང་། “ཞུ་གཏུག་ཐེར་འདོན་གོང་ཞུའི་”ལེ་ཚན་ནང་ཞུགས་ནས་ཞུ་གཏུག་དང་ཐེར་འདོན་གོང་ཞུ་བྱ་རྒྱུའི་དྲན་སྐུལ་བྱས་པ་རེད།