འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཇ་ལོའི་དྲི་བསུང་འཐུལ། དམངས་ཀྱི་ཡོང་འབབ་འཕར།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་22ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཇ་ལོའི་དྲི་བསུང་འཐུལ། དམངས་ཀྱི་ཡོང་འབབ་འཕར།
     བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ཡར་ཀླུང་གཙང་པོའི་སྨད་རྒྱུད་དུ་གནས་ཤིང་། དེ་གར་བཞའ་ཚན་ཆེ་བ་དང་། ས་བབ་དེ་ཙམ་མཐོ་པོ་མེད་པས་ཇ་ལོ་འདེབས་རྒྱུར་འཚམ་པོ་ཡོད། དགུ་ཐང་ཤང་མེ་ཏོག་རྫོང་གྲོང་གི་ལྷོ་ནུབ་མཚམས་སུ་གནས་པ་དང་། ས་བབ་མཐོ་ཚད་སྨི་1800ལས་ཟིན་གྱི་མེད་པས་ས་མཐོའི་སྐྱེ་ལྡན་ཇ་ལོ་འདེབས་རྒྱུར་འཚམ་པོ་ཡོད། མིག་སྔར་དགུ་ཐང་ཤང་ལ་ཇ་ཞིང་ར་བ་9ཡོད་པ་དང་ས་རྒྱ་མུའུ་སྟོང་ལྷག་ཟིན་པ་ནས་ཇ་ལོ་སྤུས་ལེགས་ཐོན་པ་དེས་ས་གནས་ཀྱི་ཡུལ་མིར་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་བཏོད་ཡོད།