འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས། བོད་རྒྱ་སྐད་ཡིག་པར་མའི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་གི་ལྟ་བཤེར་མཛུབ་ཁྲིད་ལག་དེབ་བཀྲམ་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་22ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ●ལག་དེབ་ནང《ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་སྲོལ་ཡིག》དང《རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་སྲོལ་ཡིག》ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་འགོ་འཛུགས་སར་བྱས་ནས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་རབ་དང་རིམ་པ་དང་། གསུང་བཤད་གལ་ཆེན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཉེ་བའི་ལོ་ཤས་རིང་བཟོས་པའི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་གི་བཀོད་སྒྲིག་བླང་བྱ་དང་། ཚད་ལྡན་རང་བཞིན་གྱི་ཡིག་ཆ། ལས་དོན་གྱི་གོ་རིམ། ལས་སྒོའི་བརྒྱུད་རིམ་བཅས་གཙོ་གནད་དུ་བྱས་ཡོད།
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་བོད་རྒྱ་སྐད་ཡིག་པར་མའི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་གི་ལྟ་བཤེར་མཛུབ་ཁྲིད་ལག་དེབ་བཟོས་པ་དེའི་དམིགས་ཡུལ་ནི་རིམ་ཁག་ནགས་ལས་དང་རྩྭ་ཐང་དཔོན་གྱིས་ནགས་ཚལ་དང་རྩྭ་ཐང་དུ་སྐོར་ཞིབ་ལས་དོན་སྤེལ་བ་དང་རྒྱ་ཆེའི་ནགས་ཚལ་དང་རྩྭ་ཐང་གི་ལས་བྱེད་པས་ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་ལ་ཕན་འབྲས་ཆེ་བའི་སྒོ་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་གི་ལྟ་བཤེར་དང་རང་བཤེར་ལས་དོན་སྤེལ་བར་མཛུབ་ཁྲིད་ནུས་ལྡན་བྱས་ཏེ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་ལས་དོན་གྱི་དོ་དམ་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་དེ་རེད།
     ལག་དེབ་ནང《ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་སྲོལ་ཡིག》དང《རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་སྲོལ་ཡིག》ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་དེ་འགོ་འཛུགས་སར་བྱས་ནས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་རབ་དང་རིམ་པ་དང་། གསུང་བཤད་གལ་ཆེན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཉེ་བའི་ལོ་ཤས་རིང་བཟོས་པའི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་གི་བཀོད་སྒྲིག་བླང་བྱ་དང་། ཚད་ལྡན་རང་བཞིན་གྱི་ཡིག་ཆ། ལས་དོན་གྱི་གོ་རིམ། ལས་སྒོའི་བརྒྱུད་རིམ་བཅས་གཙོ་གནད་དུ་བྱས་ཏེ། ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཞོར་དུ་བསྒྲུབ་རྒྱུ་ཡིན་པ་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་བརྡའི་བརྡ་ལན་དང་། མེ་སྐྱོན་དབྱེ་བཅད། ཆ་འཕྲིན་སྐྱེལ་སྤྲོད། ཐག་གཅོད་བརྒྱུད་རིམ་བཅས་དང་དེ་བཞིན་རིམ་ཁག་ནགས་ལས་དང་རྩྭ་ཐང་དཔོན་གྱིས་ཤེས་དགོས་པའི་མེ་སྐྱོན་སྔོན་འགོག་གི་རྒྱུན་ཤེས་སོགས་ནང་དོན་ལ་སྤྱིར་ན་ཁྱབ་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། དཔྱིད་དུས་ཀྱི་མེ་སྐྱོན་སྔོན་འགོག་ནས་འགོ་བཙུགས་ཏེ་ཞིང་ཆེན་ཡོངས་ཀྱི་རིམ་ཁག་ནགས་ལས་དང་རྩྭ་ཐང་དཔོན་དང་ནགས་ལས་དང་རྩྭ་ཐང་སྡེ་ཚན་གྱིས་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་བྱེད་རྒྱུ་དེ་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། རིམ་ལྔའི་ནགས་ལས་དང་རྩྭ་ཐང་དཔོན་གྱི་འགན་འཁྲི་དང་། ལས་རིགས་སྡེ་ཚན་གྱི་ལྟ་འདོམས་འགན་འཁྲི། ནགས་ལས་དང་རྩྭ་ཐང་གི་ཐོན་སྐྱེད་གཉེར་སྐྱོང་བྱེད་པོའི་འགན་འཁྲི་བཅས་ཕྱོགས་ཡོངས་ནས་ནན་དུ་གཏོང་བ་དང་། སྐུལ་འདེད་དང་མཛུབ་ཁྲིད་ཟུང་འབྲེལ་ལ་སྣང་ཆེན་བྱེད་པ། གནད་དོན་གྱི་སྟོན་ཕྱོགས་དང་། དམིགས་ཚད་ཀྱི་སྟོན་ཕྱོགས། གྲུབ་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་བྱས་ཏེ“མགོ་ཡོད་མཇུག་ཡོད”ཀྱི་ལས་དོན་གྱི་སྤྱོད་ཚུལ་ཐོག་ནས་གཞི་རིམ་དུ་ཟབ་སྐྱོད་དང་གནད་དོན་མཐར་ཕྱིན་བཙལ་འཚོལ་དང་འབྱུང་རྐྱེན་བཙལ་ནས། “རང་བཤེར་དང་། ཟུར་བཤེར། ལྟ་བཤེར”བཅས་ཟུང་འབྲེལ་རྣམ་པའི་ལྟ་བཤེར་བྱ་སྤྱོད་སྤེལ་ཡོད།