འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འཛམ་གླིང་ཡང་རྩེར་གནམ་གཤིས་ལྟ་དཔྱད་གྲུབ་ཆ་ཧ་ཅང་ཆེན་པོ་ཞིག་ཆགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་22ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སི་ཁྲོན་འདབ་པ་ཧི་ཚེ་རི་བོའི་ས་བབ་མཐོ་ཚད་སྨི་4410ཟིན་པའི་སྒོར་དབྱིབས་ས་ཁོངས་ནང་རིགས་མི་འདྲ་བའི་འཚོལ་ཞིབ་ཡོ་བྱད་སྟོང་ཕྲག་ཁ་ཤས་གོ་རིམ་ལྡན་པའི་ངང་བསྒྲིགས་ནས་གནམ་གཤིས་ལྟ་དཔྱད་གྲུབ་ཆ་ཧ་ཅང་ཆེན་པོ་ཞིག་ཆགས་ཏེ་དུས་དང་རྣམ་པ་ཀུན་ཏུ་འཇིག་རྟེན་གྱི་ཆ་འཕྲིན་ཤེས་རྟོགས་བྱེད་ཀྱི་ཡོད་པ་རེད།
     འདི་ནི་འཇིག་རྟེན་འཕྲོ་ཐིག་གི་ལྟ་དཔྱད་ཞིབ་འཇུག་ལྟེ་གནས་ལྟེ་བའི་དམིགས་ཡུལ་དུ་བྱས་པའི་རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཞིག་ཡིན་པའི་ས་བབ་མཐོ་བའི་འཇིག་རྟེན་འཕྲོ་ཐིག་ལྟ་དཔྱད་ས་ཚུགས(LHAASO)ཤིག་རེད། རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ་པ་བརྒྱུད(LHAASO)ཡིས་འཇིག་རྟེན་འཕྲོ་ཐིག་འབྱུང་ཁུངས་ཀྱི་གསང་བ་འཚོལ་ཞིབ་བྱ་རྒྱུར་གཞོལ་བ་དང་འབྲེལ་འཇིག་རྟེན་འཕྲོ་ཐིག་ལ་ལྟ་དཔྱད་བྱས་ནས་འཇིག་རྟེན་གྱི་གསང་བ་དེ་བས་མང་བ་འཚོལ་ཞིབ་བྱ་རྒྱུ་རེད།
     ངོ་སྤྲོད་བྱས་པར་གཞིཌ་ན།(LHAASO)རྣམ་གྲངས་ཚོགས་པས་ཀོང་ཅའོ་ཆེ་ལུན་ཁོ་ཧྥུའི་རྒྱང་ཤེལ་གྱིས་མཚན་མོ་ཟླ་འོད་འོག་ལས་ཀ་བྱེད་ཐུབ་ཀྱི་ཡོད་པས་ལྟ་དཔྱད་ཚད་ལེན་གྱི་དུས་ཚོད་ལྡབ་འཕར་བྱུང་ནས་གཞི་ཁྱོན་ཆེ་བ་དང་། ལྷུ་ཚིགས་མང་བ། ཞིབ་ཚད་མཐོ་བ་བཅས་ཀྱི་ལག་རྩལ་ལ་འཕེལ་རྒྱས་ཕྱིན་ཡོད་པ་རེད།