འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོའི་གཙོ་བདག་དང་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་21ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

འདི་ནི་ཟླ་5ཚེས་19ཉིན། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཤིས་ཨན་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་གྲུབ་འབྲས་ཐོབ་པའི་ངང་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ་དང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་། ཏུར་མེན་སི་ཐན་གྱི་ཙུང་ཐུང་པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་བཅས་པ་དང་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་བ་རེད།

     ཤིན་ཧྭ་གསར་འགྱུར་ཁང་ཤིས་ཨན་ནས་ཟླ་5ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་19ཉིན། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཤིས་ཨན་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་གྲུབ་འབྲས་ཐོབ་པའི་ངང་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ་དང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་། ཏུར་མེན་སི་ཐན་གྱི་ཙུང་ཐུང་པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་བཅས་པ་དང་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ད་གིན་ང་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོའི་གཙོ་བདག་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་ཡིན། ང་ཚོས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་ལ་ཕྱིར་མིག་ལྟ་བ་དང་། ཕྱོགས་གཉིས་པོའི་མཉམ་ལས་ཀྱི་གྲུབ་འབྲས་གསེད་བཀྲོལ། གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ། ཐུན་མོང་གི་ངོས་འཛིན་གསར་པ་གཅིག་སྡུད་བཅས་བྱས་པ་ཡིན། ང་ཚོས《ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཀྱི་ཤིས་ཨན་བསྒྲགས་གཏམ》ལ་ཐུན་མོང་ཐོག་མིང་རྟགས་བཀོད་པ་དང་དབུ་ཚོགས་ཀྱི་གྲུབ་འབྲས་གསལ་ཐོར་གྲོས་འཆམ་བྱུང་བ་མ་ཟད། འབྱུང་འགྱུར་གྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་འབྲེལ་བའི་འཕེལ་རྒྱས་ཀྱི་འཆར་གཞི་ཡང་བཀོད་པ་ཡིན།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་ཁ་གཏད་གཅོག་པ་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ལ་དམིགས་ཏེ། ང་ཚོས་རྡོག་རྩ་གཅིག་སྒྲིལ་གྱིས་ཐུན་མོང་ཐོག་འགྲན་སློང་བསུས་ནས་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་ཆོད་སེམས་ཡོད།
     ང་ཚོས་ཕན་ཚུན་གྱི་བདག་དབང་དང་། རང་བཙན། བདེ་འཇགས། མངའ་ཁོངས་ཆ་ཚང་སོགས་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། རང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་ནས་བདམས་པའི་འཕེལ་རྒྱས་ཀྱི་ལམ་བུར་ཕན་ཚུན་བརྩི་འཇོག་བྱེད་པ། ཕྱོགས་གཏོགས་གང་རུང་གིས་ཁ་གཡར་ས་གང་རུང་ལ་བརྟེན་ནས་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་གྱིས་འཛམ་གླིང་འཕེལ་རྒྱས་ལ་ཐོན་པའི་དོན་སྙིང་གལ་ཆེན་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ནན་པོ་ཞུ་དགོས་པ་བསྐྱར་བསྒྲགས་བྱས་ཡོད།
     ང་ཚོས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་དང་། ཁ་ཕྲལ་རིང་ལུགས། ཐལ་སྐྱོད་རིང་ལུགས་བཅས་དང་དེ་བཞིན་དུག་རྫས་ལྐོག་འདྲེན་དང་རྒྱལ་ཁོངས་སྒྲོལ་བའི་སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་རྒྱུ་དང་། སྐྱེ་དངོས་ཀྱི་བདེ་འཇགས་དང་། དྲ་རྒྱའི་བདེ་འཇགས། འཕྲལ་སྡོམ་གེགས་སེལ་བཅས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ། ཨ་ཧྥུ་ཀ་ནི་སི་ཐན་མི་དམངས་ལ་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་དང་ཞི་བདེ་བསྐྱར་སྐྲུན་བྱ་རྒྱུར་མུ་མཐུད་རོགས་རམ་བྱས་ནས་གདོང་ཐུག་མེད་པ་དང་ཞི་བདེ་ཡུན་གནས་ཀྱི་ཨེ་ཤེ་ཡ་དབུས་མ་ཞིག་མཉམ་དུ་བསྐྲུན་རྒྱུ་ཡིན།
     ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ནན་སྲུང་དང་། ཕྱོགས་མང་རིང་ལུགས་དང་དེ་བཞིན་ཀུན་གྱིས་ཁས་བླངས་པའི་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་ཚད་གཞི་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་། རྒྱལ་སྤྱིའི་སྒྲིག་ལམ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྔར་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཕྱོགས་ཁག་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ལ་རྒྱབ་སྐྱོར་དང་ལག་ལེན་ཧུར་ཐག་བསྟར་འདོད་ཡོད། དེས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་སྲུང་སྐྱོང་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད།
     ང་ཚོས་ད་ཐེངས་ཀྱི་དབུ་ཚོགས་དེ་གོ་སྐབས་སུ་བྱས་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་གཙོ་བདག་གི་མཇལ་འཛོམས་ལམ་སྲོལ་དངོས་སུ་བཙུགས་ཏེ་ལོ་གཉིས་རེར་ཐེངས་རེ་འཚོགས་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཏུ་རེས་མོས་ངང་འཚོག་རྒྱུ་ཡིན། ཐེངས་རྗེས་མའི་དབུ་ཚོགས་དེ་2025ལོར་ཧ་སག་སི་ཐན་དུ་འཚོག་རྒྱུ་རེད། ང་ཚོས་ལམ་སྲོལ་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་ནས་ཀྲུང་གོར་རྒྱུན་བཙུགས་དྲུང་ཡིག་ཁྲུའུ་བཙུགས་ཏེ་འགྲིམ་འགྲུལ་དང་། དཔལ་འབྱོར་ཚོང་དོན། མ་རྩ་འཇོག་པ་དང་ཐོན་ལས། ཞིང་ལས། ནུས་རྒྱུ། འགག་སྒོ མི་ཆོས་བཅས་སྔོན་ལ་འཇོག་པ་དང་རྒྱལ་ཁབ་དྲུག་པོའི་དབར་གྱི་ཕྱོགས་ཡོངས་དང་གཏིང་ཟབ་པའི་མཉམ་ལས་ལ་ཏན་ཏིག་དང་ནུས་ཆེའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་ཡིན།
     ཞི་ཅིན་ཕིང་གིས་བསྟན་དོན། ད་ཐེངས་ཀྱི་དབུ་ཚོགས་ཀྱིས་རྒྱལ་ཁབ་ཁག་གི་མཉམ་ལས་ཐད་འགོ་ཡག་པོ་ཞིག་བཙུགས་ཡོད། ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་གྱི་འབྲེལ་བའི་གྲུ་གཟིངས་རླུང་བརྟེན་རླབས་གཤགས་དང་དཔའ་ངར་ཆེན་པོས་མདུན་སྐྱོད་ཐུབ་ངེས་ཡིན་པ་དང་། དེས་རྒྱལ་ཁབ་དྲུག་པོའི་འཕེལ་རྒྱས་དང་དར་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཏེ་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་དྲང་ནུས་ཆེན་པོ་སྣོན་ཐུབ་ངེས་རེད།
ཟླ་5ཚེས་19ཉིན། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཤིས་ཨན་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་གྲུབ་འབྲས་ཐོབ་པའི་ངང་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ་དང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་། ཏུར་མེན་སི་ཐན་གྱི་ཙུང་ཐུང་པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་བཅས་པ་དང་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོའི་གཙོ་བདག་དང་ལྷན་དུ《ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཀྱི་ཤིས་ཨན་བསྒྲགས་གཏམ》ལ་མཚན་རྟགས་བཀོད་གནང་བཞིན་པ།