འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཕུའུ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་20ཉིན། 12:58】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཤིས་ཨན་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་ཨན་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཕུའུ་དང་གྲོས་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་གསུངས་དོན། ན་ནིང་ཟླ་9པར་ངས་ཨུ་ཟ་བྷེ་ཁི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་བྱེད་སྐབས་ང་ཚོས་ཀྲུང་ཨུ་ཕྱོགས་གཉིས་ཀྱི་རིམ་ངོས་ནས་ལས་དབང་གཅིག་མཐུན་འདུས་གྲུབ་ལག་ལེན་བསྟར་རྒྱུ་ཐུན་མོང་ཐོག་ཁྱབ་བསྒྲགས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ངེས་གནས་གསར་པ་གཏན་འཁེལ་བྱས་ཡོད། ཀྲུང་གོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱིས་ཀྱང་ཕྱོགས་ཡོངས་ནས“ཨུ་ཟ་བྷེ་ཁི་སི་ཐན་གསར་པ”འཛུགས་སྐྲུན་བྱེད་བཞིན་ཡོད་ཅིང་། རྒྱལ་ཁབ་གཉིས་པོ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་པ་དང་གཉིས་ཀར་རྒྱལ་སྤྱིའི་འཕོ་འགྱུར་གྱི་ཚོད་བགམ་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་དང་མཉམ་དུ་ཕྱོགས་ཡོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་འདོད་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཨུ་ཟ་བྷེ་ཁི་སི་ཐན་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་ལ་ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་དང་ཨུ་ཟ་བྷེ་ཁི་སི་ཐན་གྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཕྱོགས་གཉིས་པོས་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་ཕན་ཚུན་བརྟེན་ཆོག་པ་དང་གཙིགས་ཆེན་དུ་འཛིན་ཆོག་པའི་གྲོགས་པོ་དང་རོགས་ཟླ་ཞིག་བྱེད་དགོས། དཔལ་འབྱོར་ཚོང་དོན་དང་མ་དངུལ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། མཉམ་འབྲེལ་མཉམ་མཐུད་འཛུགས་སྐྲུན་གཏིང་ཟབ་བྱེད་པ་དང་། ནུས་རྒྱུ་དང་སྨན་བཅོས་འཕྲོད་བསྟེན་གྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། ས་གནས་དང་། མི་ཆོས་རིག་གནས། དབུལ་པོ་ཉུང་གཏོང་བཅས་ཀྱི་སྤེལ་རེས་མཉམ་ལས་ཧུར་ཐག་བྱེད་དགོས། ཕྱོགས་གཉིས་པོས་ད་དུང་འཇིགས་སྐུལ་ལ་ངོ་རྒོལ་དང་ཐེ་ཇུས་ལ་ངོ་རྒོལ་བྱེད་པའི་ཐད་མཉམ་ལས་བྱས་ནས་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས།
     ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ནི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་འབྲེལ་བའི་ལོ་རྒྱུས་ཀྱི་ལམ་ཚད་རྡོ་རིང་གསར་པ་ཞིག་ཡིན་པས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ཀྱི་དུས་རབས་གསར་པ་གཏོད་ངེས་རེད། ཀྲུང་གོ་ཕྱོགས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་དང་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་འདོད་ཡོད།
     སྨིར་ཅི་གཡོད་ཡེ་ཕུའུ་ཡིས་བརྗོད་དོན། ཀྲུང་གུང་གི་ཚོགས་ཆེན་ཉི་ཤུ་པ་དང་འདི་ལོའི་ཀྲུང་གོའི་ཚོགས་འདུ་གཉིས་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་དེ་ནི་དེང་སྐབས་འཛམ་གླིང་ལ་དོན་སྙིང་གལ་ཆེན་ལྡན་པའི་ལོ་རྒྱུས་རང་བཞིན་གྱི་དོན་ཆེན་ཞིག་ཡིན་པ་ལས། ཀྲུའུ་ཞི་ཞི་ཅིན་ཕིང་གི་བརྗིད་ཆེའི་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་ཀྲུང་གོའི་མི་དམངས་ཡོངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་པ་གང་ལེགས་མཚོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག ཀྲུང་གོས་དུས་བཀག་ལྟར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ཏེ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་འབུལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་དང་ཀྲུང་གོ་ཕྱོགས་ཀྱི་བློས་འགེལ་ཆོག་པའི་རྣམ་པ་ཀུན་གྱི་འཐབ་ཇུས་རོགས་ཟླ་རེད། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་ཧུར་ཐག་བྱས་ནས། ཨུ་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་སོགས་ཕྱོགས་མང་མཉམ་ལས་དམ་ཟབ་བྱས་ཏེ། ས་ཁུལ་གྱི་བདེ་འཇགས་དང་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད།
     གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་ཟ་བྷེ་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》ལ་མིང་རྟགས་བཀོད་པ་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་ཟ་བྷེ་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་འཕེལ་རྒྱས་འཆར་འགོད(2023-2027)》ལ་གྲོས་འཆམ་བྱུང་ནས། དམིགས་བསལ་གྱི་མ་དངུལ་རྣམ་གྲངས་དང་། དབུལ་པོ་ཉུང་གཏོང་། ཞིང་ལས་ཐོན་རྫས་ཉོ་ཚོང་། ཞིབ་བཤེར་དང་ནད་ཡམས་བརྟག་བཤེར། ས་གནས་ཀྱི་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་ཐུན་མོང་ཐོག་བདེན་དཔང་གནང་བ་རེད།
     ཚའེ་ཆི་དང་། ཝང་དབྱི། ཆིན་ཀང་སོགས་གོང་གསལ་བྱེད་སྒོར་ཞུགས་ཡོད་པ་རེད།