འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ལ་ཞུགས་མཁན་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་གཙོ་བདག་སྟངས་དཔྱལ་ལ་དགའ་བསུའི་མཛད་སྒོ་དང་གསོལ་སྟོན་བཤམས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་20ཉིན། 12:53】  

 
ཟླ་5ཚེས་18ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་ཏ་ཐང་ཧྥུའུ་རུང་གླིང་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ལ་ཞུགས་མཁན་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་གཙོ་བདག་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་དང་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད། གསོལ་སྟོན་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་སྟངས་དཔྱལ་གྱིས་སྐུ་མགྲོན་ཚོ་དང་ལྷན་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་མི་དམངས་རིག་གནས་སྒྱུ་རྩལ་ལོ་དང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་གཞོན་ནུའི་སྒྱུ་རྩལ་དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་ལ་གཟིགས་པ་རེད། འདི་ནི་ཞི་ཅིན་ཕིང་སྟངས་དཔྱལ་གྱིས་ཙེ་ཡུན་ཐོག་ཁང་མདུན་དུ་སྐུ་མགྲོན་ཚོ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ།
ཟླ་5ཚེས་18ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་ཏ་ཐང་ཧྥུའུ་རུང་གླིང་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ལ་ཞུགས་མཁན་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་གཙོ་བདག་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་དང་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད། གསོལ་སྟོན་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་སྟངས་དཔྱལ་གྱིས་སྐུ་མགྲོན་ཚོ་དང་ལྷན་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་མི་དམངས་རིག་གནས་སྒྱུ་རྩལ་ལོ་དང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་གཞོན་ནུའི་སྒྱུ་རྩལ་དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་ལ་གཟིགས་པ་རེད། འདི་ནི་ཞི་ཅིན་ཕིང་སྟངས་དཔྱལ་གྱིས་ཙེ་ཡུན་ཐོག་ཁང་མདུན་དུ་སྐུ་མགྲོན་ཚོ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ།
     ཤིན་ཧྭ་གསར་འགྱུར་ཁང་ཤིས་ཨན་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་18ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་ཏ་ཐང་ཧྥུའུ་རུང་གླིང་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ལ་ཞུགས་མཁན་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་གཙོ་བདག་སྟངས་དཔྱལ་ལ་དགའ་བསུའི་མཛད་སྒོ་འཚོགས་པ་དང་དགའ་བསུའི་གསོལ་སྟོན་བཤམས་པ་རེད།
     ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ་དང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལོ་ཧྥུའུ་དང་སྐུ་ཟླ་ཀྲ་ཕ་ལོ་ཝ། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་། ཏུར་མེན་སི་ཐན་གྱི་ཙུང་ཐུང་པེར་ཏེ་མུའུ་ཧ་མེ་ཏོ་ཧྥུའུ། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་དང་སྐུ་ཟླ་སྨིར་ཅི་གཡོད་ཡེ་ཝ་བཅས་སྔ་རྗེས་སུ་ཕེབས་འབྱོར་ཟིན་པ་རེད།
     ཞི་ཅིན་ཕིང་སྟངས་དཔྱལ་གྱིས་ཙེ་ཡུན་ཐོག་ཁང་མདུན་ནས་སྐུ་མགྲོན་ལ་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་ཕན་ཚུན་འཚམས་འདྲི་ཞུས་པ་དང་འབྲེལ་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
     ཞི་ཅིན་ཕིང་སྟངས་དཔྱལ་གྱིས་སྐུ་མགྲོན་ལ་ཐང་རྒྱལ་རབས་ཀྱི་སྲོལ་རྒྱུན་མགྲོན་བསུའི་མཛད་སྒོ་འཚོགས་ཤིང་། ཙེ་ཡུན་ཐོག་ཁང་གི་མདུན་དུ་གུས་ལུགས་རོལ་མོ་དཀྲོལ་བ་དང་། སྟངས་སྟབས་མགྱོགས་པའི་གནའ་བོའི་ཧྥུའུ་ཅན་གྱི་སྲོལ་རྒྱུན་ཞབས་བྲོ་དང་མཛེས་ཉམས་དོད་པའི་ཧྥུའུ་རུང་མེ་ཏོག་ཞབས་བྲོ་འཁྲབ་སྟེ་གནའ་བོའི་གྲོང་ཁྱེར་ཤིས་ཨན་མི་དམངས་ཀྱིས་སྐུ་མགྲོན་ལ་དགའ་བསུ་ཞུ་ལུགས་དང་། ཀྲུང་ཧྭའི་རིག་གནས་ཀྱི་མཉམ་འདུས་མཉམ་གསོག་གི་བསམ་པའི་ཉམས་འགྱུར་མཚོན་པར་བྱས་ཡོད་པ་རེད།
     ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་སྐུ་མགྲོན་ཚོ་དང་ལྷན་དུ་ཡོན་ཀུང་མོན་དུ་ཕེབས་པ་མ་ཟད་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།
     ཞི་ཅིན་ཕིང་གིས་དགའ་བསུ་ཞུ་བའི་ཤིས་ཚིག་གསུངས་པ་དང་། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་གི་གཙོ་བདག་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། ཁོང་གིས། ཧྲའན་ཤིས་ནི་གནའ་བོའི་དར་གོས་ལམ་བུའི་ཤར་ཕྱོགས་ཀྱི་འགོ་འཛུགས་ས་ཞིག་ཡིན་པས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་མཛའ་གྲོགས་ཟབ་མོའི་བདེན་དཔང་བྱས་ཡོད། ལོ་ངོ་སྟོང་ཕྲག་དུ་མའི་རིང་། ཀྲུང་གོས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་མི་དམངས་དང་ཕན་ཚུན་ཡོད་མེད་བརྗེ་རེས་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་ཏེ་གནའ་བོའི་དར་གོས་ལམ་བུའི་འོད་སྟོང་བཏོད་པ་དང་འབྲེལ་མིའི་རིགས་ཀྱི་ཤེས་དཔལ་སྤེལ་རེས་ལོ་རྒྱུས་ཐོག་གི་ངོ་མཚར་ཆེ་བའི་ལེའུ་བརྩམས་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་ཕྱི་འབྲེལ་བཙུགས་ཚུན། སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་པ་དང་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་གྲུབ་འབྲས་ཐོབ་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ང་ཚོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན། ཕྱར་བ་གྲུ་འདེགས། གཉིས་ཕན་མཉམ་ཁེ་བཅས་ཡོང་བར་བྱས་ནས་རྒྱལ་ཁབ་དབར་གྱི་འབྲེལ་བ་དེ་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་ནས་འཐབ་ཇུས་རོགས་ཟླ་དང་། དེ་ནས་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་སྟེ་ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དྲང་ནུས་བསྣན་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད་ཅེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་ནི་ང་ཚོ་མི་རབས་འདིའི་འགོ་ཁྲིད་མི་སྣས་འབྱུང་འགྱུར་ལ་དམིགས་ནས་གཏན་འཁེལ་བྱས་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་པས་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་དང་འཚམ་པ་དང་མི་དམངས་ཀྱི་རེ་སྒུག་དང་མཐུན་ཡོད། ང་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ཚེས་19ཉིན་གྱི་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་བྱུང་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་འབྲེལ་བའི་དུས་རབས་གསར་པ་གཏོད་ངེས་ཡིན་པའི་ཡིད་ཆེས་ཡོད། ང་ཚོས་ལྷག་བསམ་རྣམ་དག་ངང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་ཀྲུང་གོའི་འཕེལ་རྒྱས་ཀྱི་མགྱོགས་འཁོར་ལ་བསྡད་ནས་ཐུན་མོང་ཐོག་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
     གསོལ་སྟོན་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་སྟངས་དཔྱལ་གྱིས་སྐུ་མགྲོན་ཚོ་དང་ལྷན་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་མི་དམངས་ཀྱི་རིག་གནས་སྒྱུ་རྩལ་ལོ་དང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་གཞོན་ནུའི་སྒྱུ་རྩལ་དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་ལ་གཟིགས་པ་རེད།
     འཁྲབ་སྟོན་ལས་རྒྱལ་རབས་བཅུ་གསུམ་གྱི་གནའ་བོའི་གྲོང་ཁྱེར་ཤིས་ཨན་གྱི་ཉམས་སྣང་དང་དར་གོས་ལམ་བུའི་ཉམས་སྣང་མངོན་པ་དང་། ལེ་དབར་སྟོང་གི་ཆིན་ལིང་རི་རྒྱུད་ཀྱི་རི་སྔོ་ཆུ་དྭངས་དང་དེ་བཞིན་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མཚོན་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོའི་གཞས་པ་ཚོས་མཉམ་དུ་བརྗོད་དོན་གཙོ་བོའི་གླུ་དབྱངས《མཛེས་སྡུག་མཉམ་འདུས》བླངས་པར་རྒྱལ་ཁབ་ཁག་གི་གཙོ་བདག་སྟངས་དཔྱལ་དང་ས་ཡུལ་དངོས་ཀྱི་ལྟད་མོ་བས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།