འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བྱེ་རྡུལ་དྲག་པོ་འཚུབ་པའི་ཉེན་བརྡ་སྔོན་པོ་བཏང་། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་19ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཟླ་5ཚེས་19ཉིན་གྱི་ཆུ་ཚོད་06ཐོག་བྱེ་རྡུལ་འཚུབ་པའི་ཉེན་བརྡ་སྔོན་པོ་མུ་མཐུད་བཏང་བ་སྟེ། 
     མཁའ་རླུང་གྲང་མོ་དང་རླུང་ཆེན་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས། ཟླ་5ཚེས་19ཉིན་གྱི་ཆུ་ཚོད་08ནས་ཚེས་20ཉིན་གྱི་ཆུ་ཚོད་08བར། ཞིན་ཅང་གི་ལྷོ་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་ནུབ་བྱང་རྒྱུད། ནང་སོག་གི་དབུས་ནུབ་རྒྱུད་དང་ཤར་ལྷོའི་རྒྱུད། ཀན་སུའུ་ཡི་ནུབ་རྒྱུད། ཉིང་ཞ་དབུས་བྱང་རྒྱུད། ཧྲའན་ཞིའི་བྱང་རྒྱུད། ཧྲན་ཞིའི་དབུས་བྱང་རྒྱུད། ཧོ་པེ་ཡི་དབུས་བྱང་རྒྱུད། པེ་ཅིང་། ཐེན་ཅིན་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་བྱེ་རླུང་འཚུབ་པའི་གནམ་གཤིས་བསྟན་རྒྱུ་ཡིན་ཞིང་།  དེའི་ཁྲོད་ནང་སོག་དབུས་ནུབ་རྒྱུད་ཀྱི་བྱང་ཕྱོགས་ས་ཁུལ་ཁ་ཤས་སུ་བྱེ་རླུང་འཚུབ་རྒྱུ་རེད། 
     འགོག་སྲུང་ཕྱོགས་སྟོན།
     གཅིག རླུང་འགོག་བྱེ་འགོག་གི་གྲ་སྒྲིག་ཡག་པོ་བྱས་ནས་དུས་ཐོག་ཏུ་སྒོ་དང་སྒེའུ་ཁུང་རྒྱག་དགོས།
གཉིས། ཁ་ཐུམ་དང་ཁ་རས་སོགས་ཐལ་རྡུལ་འགོག་པའི་ཡོ་ཆས་འཁྱེར་རྒྱུར་དོ་སྣང་བྱས་ཏེ། བྱེ་རླུང་གིས་མིག་དང་དབུགས་ལམ་ལ་གནོད་སྐྱོན་མི་ཕོག་པ་བྱེད་དགོས། ཞིབ་ཐོན་དཔྱད་ཆས་ཀྱི་དམ་སྦྱར་ལས་ཀ་ལེགས་པར་བསྒྲུབ་དགོས།
གསུམ། མཐའ་བསྐོར་པང་ལེབ་དང་། སྤྱིལ་བུའི་སྒྲོམ། གནས་སྐབས་སྐྲུན་པའི་དངོས་པོ་སོགས་རླུང་གིས་གཏོར་སླ་བའི་འཛུགས་སྐྲུན་དངོས་པོ་བརྟན་པོ་བཟོས་ནས། བྱེ་རླུང་གི་ཤུགས་རྐྱེན་ཐེབས་སླ་བའི་ཁང་པའི་ཕྱིའི་དངོས་པོ་བཀོད་སྒྲིག་འོས་འཚམ་བྱེད་དགོས།
བཞི། མཐོང་ནུས་ཅུང་ཞན་པས་ཁ་ལོ་པས་མྱུར་ཚད་ཚོད་འཛིན་བྱས་ནས་བདེ་འཇགས་ལ་འགན་ལེན་བྱེད་དགོས།