འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྒོ་བྱང་དངོས་སུ་བཀལ་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་19ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད་ཀྱིས་ཟླ་5ཚེས་18ཉིན་དངོས་སུ་སྒོ་བྱང་བཀལ་ནས། རང་རྒྱལ་གྱི་དངུལ་རྩའི་ལྟ་སྐུལ་དོ་དམ་སྒྲིག་གཞི་སྒྱུར་བཅོས་ཐད་གོམ་སྟབས་གལ་ཆེན་ཞིག་སྤོས་པ་རེད།
ད་ལོའི་ཟླ་3པར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས། 《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་ཀྱི་འཆར་གཞི་》པར་འགྲེམས་བྱས་པའི་ནང་དངུལ་རྩའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་མང་པོ་ཞིག་ཡོད་པ་སྟེ། ཀྲུང་དབྱང་དངུལ་རྩའི་ཨུ་ལྷན་འཛུགས་པ་དང་། ཀྲུང་དབྱང་དངུལ་རྩའི་ལས་དོན་ཨུ་ལྷན་འཛུགས་པ། རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད་འཛུགས་པ། ས་གནས་དངུལ་རྩའི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཀྲུང་གོའི་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་སྒྲིག་གཞིར་ལེགས་སྒྲིག་བྱེད་པ། ཀྲུང་གོའི་མི་དམངས་དངུལ་ཁང་གི་ཡན་ལག་སྒྲིག་གཞི་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་སོགས་རེད།
     སྒྱུར་བཅོས་ཀྱི་འཆར་གཞི་གཞིར་བཟུང་། རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད་ཀྱིས་ཀྲུང་གོའི་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་རྨང་གཞིའི་ཐོག་བཙུགས་ནས། དངུལ་འཛིན་ལས་རིགས་ཕུད་པའི་དངུལ་རྩའི་ལས་རིགས་ལ་གཅིག་གྱུར་ཐོག་ལྟ་སྐུལ་དོ་དམ་བྱ་རྒྱུའི་འགན་འཁུར་དགོས། ཀྲུང་གོའི་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་སོར་འཇོག་མི་བྱེད།
     2018ལོའི་ཟླ་4ཚེས་8ཉིན། ཀྲུང་གོའི་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་སྒོ་བྱང་བཀལ་ནས་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་དང་ད་བར་ལོ་5ལྷག་ཙམ་སོང་ཡོད།