འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས་མི་13བཟུང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་19ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། ལྷ་ས་སྤྱི་བདེ་ཅུད་ཁྲེང་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུད་བདེ་འཇགས་དོ་དམ་རུ་ཆེན་གྱིས་རྒྱན་འགྱེད་གྱོད་གཞི་ཞིག་རྩད་ཆོད་པ་དང་། ཁྲིམས་འགལ་ཉེས་གསོག་དོགས་ཅན་13བཟུང་ཞིང་། རྒྱན་དངུལ་དང་དེ་བཞིན་ཁྲིམས་འགལ་ཐོབ་ཆ་སྒོར་161250གཞུང་བཞེས་བཏང་ནས། རྒྱན་འགྱེད་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་འཇིགས་སྐུལ་ནུས་ལྡན་བྱས་པ་རེད། 
     འདྲི་ཞིབ་བྱས་པ་བརྒྱུད། ལི་ཆེ་གེ་མོ་དང་། ལིའུ་ཆེ་གེ་མོ། ཁྲེན་ཆེ་གེ་མོ་བཅས་གསུམ་པོས་རྒྱན་འགྱེད་ལ་ཆ་རྐྱེན་མཁོ་འདོན་བྱེད་པའི་ཁྲིམས་འགལ་བྱེད་སྤྱོད་ཁས་ལེན་བྱས་པ་དང་། དབྱང་ཆེ་གེ་མོ་དང་ཀུའོ་ཆེ་གེ་མོ་སོགས་མི་བཅུ་ཡིས་རྒྱན་འགྱེད་ནང་ཞུགས་པའི་ཁྲིམས་འགལ་དོན་དངོས་ཁས་ལེན་བྱས་པ་རེད།
     ད་ཆ། སྤྱི་བདེ་ལས་ཁུངས་ཀྱིས་《བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། ཁྲིམས་ལྟར་ལི་ཆེ་གེ་མོ་དང་ལིའུ་ཆེ་གེ་མོ་སོགས་མི་གསུམ་ཉིན་10ནས་ཚེས་15ཉིན་བར་སྲིད་འཛིན་བཀག་སྐྱིལ་བྱས་པ་མ་ཟད་དེ་ཚོར་དངུལ་ཆད་ཀྱང་བཅད་ཡོད། དབྱང་ཆེ་གེ་མོ་དང་ཀུའོ་ཆེ་གེ་མོ་སོགས་མི་10ལ་སྲིད་འཛིན་བཀག་སྐྱིལ་གྱི་ཆད་པ་བཅད། གྱོད་གཞི་དེར་ཉེས་དོན་ཉེས་གསོག་གི་དོགས་པ་ཡོད་པས་ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག་གིས་ཐག་གཅོད་སྔར་ལས་ལྷག་པར་བྱེད་བཞིན་ཡོད་པ་རེད།