འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དབྱང་ཀོང་མིང་གི་ཉེ་ཕྱོགས་ཁྲིམས་འགལ་དང་། ལྐོག་རྔན་བླངས་པ། ཁྲིམས་འགལ་ངང་མེ་མདའ་ཉར་བ་བཅས་ཀྱི་དོགས་ཡོད་གྱོད་གཞི་བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་19ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཐིང་ཀྲང་གཞོན་པ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྤྱི་ཚོགས་ཁྲིམས་ལུགས་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་དབྱང་ཀོང་མིང(ཐིང་རིམ་པ་རྒན་པ)གི་ཉེ་ཕྱོགས་ཁྲིམས་འགལ་གྱི་དོགས་ཡོད་གྱོད་གཞིར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་མྱུལ་ཞིབ་མཇུག་འགྲིལ་ནས་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པ་རེད། དེ་དང་ཆབས་ཅིག བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་བྱས་པའི་དབྱང་ཀོང་མིང་གིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞི་དང་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་མྱུལ་ཞིབ་བྱས་པའི་དབྱང་ཀོང་མིང་གིས་ཁྲིམས་འགལ་ངང་མེ་མདའ་ཉར་བའི་དོགས་ཡོད་གྱོད་གཞི་ཡང་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པ་རེད། མིག་སྔར་གྱོད་གཞི་དེ་སྔར་བས་སྒྲུབ་གཉེར་བྱེད་བཞིན་ཡོད་པ་རེད།