འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།པའེ་ཏེང་གིས་དོན་འདི་བསྐྱར་བསྒྲགས་བྱས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་18ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་17ཉིན། ཨ་རིའི་ཙུང་ཐུང་པའེ་ཏེང་གིས་གཏམ་བཤད་སྤེལ་ནས། ཨ་རིའི་སྲིད་གཞུང་གིས་ཨ་རིའི་བུ་ལོན་ཁ་ཆད་ལས་འགལ་ཚེ། ཨ་རིའི་དཔལ་འབྱོར་དང་ཨ་རིའི་མི་དམངས་ལ་གནོད་འཚེའི་རང་བཞིན་གྱི་མཇུག་འབྲས་ཐོན་རྒྱུ་ཡིན་པ་གསལ་པོར་ཤེས་ཀྱི་ཡོད་ཅེས་བཤད་པ་རེད། 
     པའེ་ཏེང་གིས། ས་གནས་དེ་གའི་དུས་ཚོད་ཚེས་16ཉིན་གྱི་དགོང་མོར། རྒྱལ་ཚོགས་ཀྱི་འགོ་ཁྲིད་དང་ལྷན་དུ་སྔོན་རྩིས་གནད་དོན་སྐོར་གྱི་ཚོགས་འདུ་ཞིག་འཚོགས་ཤིང་། ཨ་རིར་བུ་ལོན་གྱི་ཁ་ཆད་དང་འགལ་བའི་གནས་ཚུལ་མ་བྱུང་ཚེ། སྲིད་གཞུང་གིས་སྔོན་རྩིས་ཀྱི་འབྲེལ་ཡོད་གནད་དོན་ཐད་གྲོས་མཐུན་འཇོག་རྒྱུ་ཡིན་ལུགས་ཁོང་ཚོས་མགྲིན་གཅིག་ཏུ་མོས་མཐུན་བྱེད་ཀྱི་ཡོད་ཅེས་བཤད་པ་རེད། ཏང་གཉིས་པོས་སྔོན་རྩིས་ཀྱི་མི་མཐུན་པའི་ཆར་མུ་མཐུད་གྲོས་མོལ་བྱས་ནས། ཞིབ་ཕྲའི་ཐད་གྲོས་མཐུན་འཇོག་རྒྱུ་རེད། 
     པའེ་ཏེང་གིས། འབྱུང་འགྱུར་ཉིན་འགའི་ནང་ཁོང་གིས་མུ་མཐུད་རྒྱལ་ཚོགས་ཀྱི་གཙོ་འཛིན་དང་བུ་ལོན་གྱི་གྲངས་ཚད་སྐོར་གྲོས་མཐུན་མ་བྱུང་བར་དུ་གྲོས་བསྡུར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཁོང་གིས་སྔོན་དཔག་བྱས་ན། ས་གནས་དེའི་དུས་ཚོད་ཚེས་21ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་གནད་དོན་དེར་གྲོས་བསྡུར་བྱ་རྒྱུ་རེད། པའེ་ཏེང་གིས་ཨ་རིར་བུ་ལོན་ཁ་ཆད་ལས་འགལ་བ་ཡོང་མི་སྲིད་ཅེས་བསྐྱར་བསྒྲགས་བྱས་པ་རེད།