འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ནོར་སྲིད་པུས་སྒོར་དུང་ཕྱུར་2274གཤམ་སྤྲོད་བྱས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་18ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་ངང་འཕེལ་རྒྱས་དང་། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་མགྱོགས་སུ་གཏོང་ཆེད། ཉེ་ཆར། ནོར་སྲིད་པུས་2023ལོའི་འོས་འགན་སློབ་གསོའི་འབྲེལ་ཡོད་གཏོང་སྤྲོད་སྤོ་སྒྱུར་མ་དངུལ་སྒོར་དུང་ཕྱུར་2274(དགེ་རྒན་གྱི་གླ་ཆ་ཚུད་མེད་)གཤམ་སྤྲོད་བྱས་པ་དེ་ལོ་སྔོན་མ་ལས་སྒོར་དུང་ཕྱུར་148མང་དུ་བཏང་ནས། ས་གནས་ཀྱི་འོས་འགན་སློབ་གསོའི་འགྲོ་གྲོན་འགན་ལེན་ལམ་སྲོལ་སྲ་བརྟན་དང་། འཐུས་ཚང་དུ་གཏོང་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་པ་དང་། ལྷུ་ཚིགས་ཞན་ས་ལེགས་བཅོས་དང་ནུས་པ་ཆེ་རུ་གཏོང་བའི་ལས་ཀར་སྐུལ་འདེད་གཏོང་ཟབ་གཏོང་བ། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འོས་འགན་སློབ་གསོའི་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཡོད།