འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨུ་རུ་སུ་དང་ཡུག་རེན་གྱི་འགོ་ཁྲིད་དོན་འདིར་མོས་མཐུན་བྱུང་ཡོད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་17ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མ་ཧྥུ་ས་ཡིས་ས་གནས་དེ་གའི་དུས་ཚོད་ཚེས་16ཉིན་བཤད་དོན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་སོ་སོས་མོ་སི་ཁོ་དང་ཅི་ཧྥུ་རུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞི་བདེ་གྲོས་འགོ་འདོན་པའི་འཐུས་མི་ཚོགས་པ་སྣེ་ལེན་ཞུ་བར་མོས་མཐུན་བྱུང་ཡོད། 
     ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མ་ཧྥུ་ས་ཡིས། ང་ལ་ཨུ་རུ་སུ་དང་ཡུག་རེན་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པར་འབྲེལ་གཏུག་བྱེད་པའི་གོ་སྐབས་ཡོད་པ་མ་ཟད། ཙུང་ཐུང་ཕུའུ་ཅིང་དང་ཙུང་ཐུང་ཙེ་ལན་སི་ཅི་ཡི་མོས་མཐུན་ཡང་ཐོབ་ཡོད། རྒྱལ་ཁབ་གཉིས་པོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་མོ་སི་ཁོ་དང་ཅི་ཧྥུ་ལ་སྣེ་ལེན་ཞུ་འདོད་ཡོད་ཅེས་བཤད་པ་རེད། 
     ལཱ་མ་ཧྥུ་ས་ཡིས་ད་དུང་བཤད་རྒྱུར། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ཅིག་གི་འགོ་ཁྲིད་པས་ཨ་ཧྥེ་རི་ཁས་ངེས་པར་དུ་ཡུག་རེན་གྱི་གདོང་ཐུག་ཐག་གཅོད་བྱ་རྒྱུར་ཕན་པའི་གྲོས་འགོ་ཞིག་འདོན་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས་ཙན་པི་ཡ་དང་། སེ་ནེ་ཀལ། ཁོང་ཀོ། ཝུ་ཀན་ཏ། ཨེ་ཅིབ། ལྷོ་ཨ་ཧྥེ་རི་ཁ་བཅས་ཀྱི་ཚབ་ཞུས་ནས་གྲོས་འགོ་དེ་བཏོན་པ་དང་འབྲེལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐའེ་ལེ་སིར་བརྡ་ཡང་བཏང་ཡོད། ད་ཆ་ཁོང་གིས་གནད་དོན་དེའི་ཐད་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་དང་སྤེལ་རེས་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད།