འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྐར་མ་དུ་བ་མཇུག་རིང་གི་ཐོག་ཏུ་ཆུ་ཡོད་པ་ཤེས་རྟོཊ་བྱུང་།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་17ཉིན། 15:09】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།སྐར་མ་དུ་བ་མཇུག་རིང་གི་ཐོག་ཏུ་ཆུ་ཡོད་པ་ཤེས་རྟོཊ་བྱུང་།
     ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་15ཉིན། ཨ་རིའི་ཚན་རིག་པས་ཚན་རིག་དུས་དེབ་《རང་བྱུང་》ཞེས་པའི་ཐོག་དཔྱད་རྩོམ་སྤེལ་ནས། སའི་གོ་ལའི་ཐོག་གི་ཆུའི་འབྱུང་ཁུངས་ཀྱི་ཞིབ་འཇུག་འཕེལ་རིམ་ངོ་སྤྲོད་བྱས་པ་རེད། ཁོ་ཚོས་ཀྲན་མུའུ་སི·ཝེ་པུའི་བར་སྣང་རྒྱང་ཤེལ་ལ་བརྟེན་ནས། སྐར་མ་ཕུར་བུ་དང་སྐར་མ་མིག་དམར་བར་གྱི་རྒྱུ་སྐར་གཙོ་བོའི་ཁུལ་དུ་མཐོང་དཀོན་པའི་སྐར་མ་དུ་བ་མཇུག་རིང་གི་མཐའ་འཁོར་དུ་ཆུའི་རླངས་པས་ཁེངས་པ་མཐོང་ཡོད། ཚན་རིག་པ་རྣམས་ཀྱིས། ཤེས་རྟོགས་འདི་ཡིས་གདོད་མའི་ཉི་མའི་ཁྱིམ་རྒྱུད་ཀྱི་ཆུ་འཁྱགས་དྲོད་ཅུང་ཆེ་བའི་ས་ཁོངས་སུ་ཉར་ཚགས་བྱས་ཆོག་པ་མཚོན་པ་ངོས་འཛིན་བྱས། 
༄༅།།སྐར་མ་དུ་བ་མཇུག་རིང་གི་ཐོག་ཏུ་ཆུ་ཡོད་པ་ཤེས་རྟོཊ་བྱུང་།