འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལྷོ་རྒྱ་མཚོའི་གནད་དོན་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བཤད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་17ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་5ཚེས་16ཉིན་གྱི་ཕྱི་དྲོར། རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཏཱ་ཞའོ་ཐཱན་ཁེ་ཧྥེ་ཡིས་ཉེ་དུས་ཀྱི་དམག་དཔུང་དང་འབྲེལ་བའི་གནད་དོན་ཐད་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།
     གསར་འགོད་པས། གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་ཆར་ཨ་རི་དང་ཧྥི་ལི་ཕིན་ཕྱོགས་གཉིས་པོས་《ཕྱོགས་གཉིས་པོའི་འགོག་སྲུང་མཛུབ་ཁྲིད་》ལ་གྲོས་མཐུན་བྱུང་བ་དང་འབྲེལ། 《ཨ་རི་དང་ཧྥི་ལི་ཕིན་གྱི་ཐུན་མོང་འགོག་སྲུང་ཆིངས་ཡིག་》དེ་ལྷོ་རྒྱ་མཚོར་ཁྱབ་པ་དངོས་སུ་ཁ་གསལ་བཟོས་ཡོད། གཏམ་བཤད་པར་དཔྱད་གཏམ་གང་ཞིག་ཡོད་དམ་ཞེས་དྲི་བ་བཏོན། 
     ཐཱན་ཁེ་ཧྥེ་ཡིས། ས་ཁུལ་དང་རྒྱལ་ཁབ་ཀྱི་ཐུན་མོང་འབད་བརྩོན་འོག དེང་སྐབས་ལྷོ་རྒྱ་མཚོའི་གནས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད། ལྷོ་མཚོ་ནི་ཞི་བདེའི་རྒྱ་མཚོ་དང་། མཛའ་གྲོགས་ཀྱི་རྒྱ་མཚོ། མཉམ་ལས་ཀྱི་རྒྱ་མཚོ་བཅས་སུ་འགྱུར་འོས་པ་ལས། རྒྱལ་ཁབ་རེ་ཟུང་གིས་དཔུང་ཁག་གཉེར་བ་དང་ཁ་གཏད་དུ་ལངས་པའི་འགྲན་རྩོད་བྱ་ཡུལ་དུ་འགྱུར་མི་རུང་ཞེས་བཤད།
     ལྷོ་རྒྱ་མཚོའི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་གསལ་པོ་ཡིན། རྒྱལ་ཁབ་གང་རུང་གིས་ཕྱོགས་གཉིས་ཀྱི་ཆིངས་ཡིག་ཟེར་བ་ཁ་གཡར་སར་བྱས་ནས་ལྷོ་རྒྱ་མཚོའི་གནད་དོན་ལ་ཐེ་ཇུས་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་གནོད་འཚེ་གཏོང་བར་ང་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཀྲུང་གོའི་དམག་དཔུང་གིས་འབྲེལ་ཡོད་འཕེལ་ཕྱོགས་ལ་དོ་ཁུར་ཆེན་པོ་བྱས་ནས་བྱེད་ཐབས་དགོས་ངེས་སྤྱད་དེ། རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས། ལྷོ་རྒྱ་མཚོའི་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད།