འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གསང་མྱུལ་བ་འདིར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་15ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ལིའང་ཁྲེང་ཡུན། (དབྱིན་ཡིག་གི་མིང་ལ་JOHN SHING-WAN LEUNG) སྐྱེས་པ། 1945ལོའི་ཟླ་5ཚེས་1ཉིན་སྐྱེས། ཞང་ཀང་གི་གཏན་སྡོད་ཡུལ་མིའི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་ A801504ཡིན། ཞང་ཀང་དང་ཨའོ་མོན་གྱི་ཡུལ་མི་ནང་ལོགས་ས་ཁུལ་དུ་འགྲོ་འོང་བྱེད་པའི་ལམ་ཡིག་ཨང་གྲངས་ H06816957ཡིན། ཨ་རིའི་ལམ་ཡིག་ཨང་གྲངས་505462343ཡིན། 
     ལིའང་ཁྲེང་ཡུན་ལ་གསང་མྱུལ་གྱི་བྱེད་སྒོ་སྤེལ་བའི་དོགས་གཞི་ཡོད་པས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་རྒྱལ་ཁབ་བདེ་འཇགས་ཅུས་ཀྱིས་2021ལོའི་ཟླ་4ཚེས་15ཉིན་ཁྲིམས་ལྟར་དེར་བཙན་ཤེད་ཀྱི་བྱ་ཐབས་སྤྱད་པ་རེད།
     སུའུ་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཞིབ་གཅོད་བྱས་པ་བརྒྱུད། 2023ལོའི་ཟླ་5ཚེས་15ཉིན་འདྲི་གཅོད་དང་པོས་ཡོངས་བསྒྲགས་སུ་བཅད་ཁྲ་ཁྱབ་བསྒྲགས་བྱས་ཏེ། ལིའང་ཁྲེང་ཡུན་གྱིས་གསང་མྱུལ་གྱི་བྱས་ཉེས་བསགས་པར་ངོས་འཛིན་མཐའ་གཅིག་ཏུ་བྱས་ནས། ཚེ་བཙོན་གྱི་ཉེས་ཆད་བཅད་པ་དང་ཚེ་གང་གི་ཆབ་སྲིད་ཀྱི་ཁེ་དབང་བཙན་འཕྲོག་བྱས་པ་མ་ཟད། མི་སྒེར་གྱི་རྒྱུ་ནོར་མི་དམངས་ཤོག་སྒོར་ཁྲི་50གཞུང་བཞེས་གཏོང་རྒྱུའི་ཉེས་ཆད་ཀྱང་བཅད་པ་རེད།