འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་ལུང་མདོ་ཆུས་ཀྱིས་ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་ཀྱི་འཆར་གཞི་དང་དམིགས་ཚད་བཀོད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་15ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ▶ ད་བར་ཆུས་ཡོངས་སུ་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་228བསྐྲུན་པ་དང་དུད་ཚང་གི་གསང་སྤྱོད་ཁྲི་2.3ལྷག་ཙམ་སྒྱུར་བཀོད་བྱས་ཟིན་པ་རེད། རང་ངོས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་རྨ་ཆུ་དང་ཙོང་ཆུའི་རིག་གནས་དང་། གྲོང་གསེབ་ཀྱི་རིག་གནས། དམངས་ཁྲོད་ཀྱི་ཤོད་རྒྱུན་བཅས་འཚོལ་ཞིབ་དང་སྲུང་སྐྱོང་བྱས་ཏེ་རིག་གནས་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པར་བྱས་ཏེ་ཕུན་སུམ་ཚོགས་པའི་ལོ་རྒྱུས་དང་། མི་རིགས་དང་དམངས་སྲོལ་རིག་གནས་ཀྱི་ཁྱད་ཆོས་ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཟ་སྡོད་འགྲོ་གསུམ་དང་། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད་བཅས་ཀྱི་ལྷུ་ཚིགས་ཁག་ཏུ་ཁྱབ་པར་བྱས་པས། གྲོང་གསེབ་ཡུལ་སྐོར་གྱི་རིག་གནས་ནང་དོན་རྒྱུན་མཐུད་ཕུན་སུམ་ཚོགས་སུ་ཕྱིན་ཏེ། ད་ཆ“ཀྲུང་གོའི་ཡིག་གཟུགས་ཀྱི་ཕ་ས”དང“རྒྱལ་ཁབ་ཀྱི་སོས་དལ་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་གྱི་དཔེ་སྟོན་ཆུས”“ས་མཐོའི་ཕོ་བྲང་རྙིང་པ་ཆུང་གྲས”སོགས་རིག་གནས་ཡུལ་སྐོར་གྱི་མིང་བྱང་རྩེ་གྲ་བདེ་བླག་ངང་བཏོད་ཐུབ་ཡོད།
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་5ཚེས་6ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ལུང་མདོ་ཆུས་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བར། དུས་ཚིགས་དང་པོར“འགོ་ཚུགས་བཀྲ་ཤིས”དང“ལོ་འཁོར་མོར་བརྟན་པོ་ཡོང་བའི”དམིགས་ཚད་མངོན་འགྱུར་ཡོང་ཆེད། ལུང་མདོ་ཆུས་ཀྱིས་སྐྱེ་ཁམས་དང་། རིག་གནས། ལོ་རྒྱུས། སོ་ནམ་སོགས་ལེགས་ཆའི་ཐོན་ཁུངས་འཚོལ་ཞིབ་གཏིང་ཟབ་བྱས་ཏེ་ཕ་ཡུལ་གྱི་ཞིང་ཐང་དང་། ཡུལ་སྲོལ། ཡུལ་བབ་བཅས་གང་ལེགས་སྤྱོད་པ་དང་། ཕ་ཡུལ་གྱི་འཕྲེང་སེམས་དང་། གོམས་སྲོལ། ཉམས་འགྱུར་བཅས་འཚོལ་ཞིབ་བྱེད་པ། ཕ་ཡུལ་གྱི་མཛེས་ལྗོངས་དང་། སྡོད་ཁང་། ཁྱད་ཆོས་བཅས་ལེགས་སུ་བཏང་སྟེ“སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་བ། མི་སེར་ཕྱུག་པ”བཅས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུ་བཏོད་ནས“ཞིང་ལས་དང་། རིག་གནས། ཡུལ་སྐོར”བཅས་མཉམ་འདྲེས་ཀྱི་ཕུགས་ཀྱི་འཆར་གཞི་དང་དམིགས་ཚད་བཀོད་པ་རེད།
     ལུང་མདོ་ཆུས་ཀྱིས་གནས་འཕྲོད་དང་། ལས་འཚམ། མཛེས་མཐུན་བཅས་གསུམ་ལྡན་གྱི་ཁྱིམ་གཞིས་གཏོད་པའི་དམིགས་ཚད་མཐའ་འཁྱོངས་ཀྱིས་མཛེས་ལྗོངས་ཁུལ་གྱི་ཁྱད་ཆོས་གལ་ཆེན་ལ་དམིགས་ཏེ་གོ་ཆོད་དང་། གཙང་བ། གསལ་བ། སྔོ་བ། མཛེས་པ་བཅས“ཅན་ལྔ”ལ་མཉམ་དུ་དམ་འཛིན་མཐའ་འཁྱོངས་བྱས་ནས་ཡུལ་སྐོར་གྱི་ལམ་ཐིག་དང་། Aརིམ་པའི་མཛེས་ལྗོངས་ཁུལ། གྲོང་གསེབ་ཀྱི་ཡུལ་སྐོར་བྱ་ཡུལ་གྱི་ཡུལ་སྐོར་མཚོན་རྟགས་གལ་ཆེན་བཅས་སྔར་བས་ཚད་ལྡན་དུ་གཏོང་བ་དང་། ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་དང“གསང་སྤྱོད་གསར་བརྗེར”ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ལམ་གཙང་ཆུ་དྭངས་ཀྱི་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཐུན་མོང་ཐོག་འཛུགས་སྐྲུན་བཅས་བྱས་ཏེ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་འགྲོ་བ་དང་། བཀྲག་མདངས་འཚེར་ས་དང་། ཁྱད་ཆོས་ལྡན་པར་བྱས་ཡོད། ད་བར་ཆུས་ཡོངས་སུ་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་228བསྐྲུན་པ་དང་དུད་ཚང་གི་གསང་སྤྱོད་ཁྲི་2.3ལྷག་ཙམ་སྒྱུར་བཀོད་ཟིན་པ་རེད། རང་ངོས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་རྨ་ཆུ་དང་ཙོང་ཆུའི་རིག་གནས་དང་། གྲོང་གསེབ་ཀྱི་རིག་གནས། དམངས་ཁྲོད་ཀྱི་ཤོད་རྒྱུན་བཅས་འཚོལ་ཞིབ་དང་སྲུང་སྐྱོང་བྱས་ཏེ་རིག་གནས་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པར་བྱས་ཏེ་ཕུན་སུམ་ཚོགས་པའི་ལོ་རྒྱུས་དང་། མི་རིགས་དང་དམངས་སྲོལ་རིག་གནས་ཀྱི་ཁྱད་ཆོས་ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཟ་སྡོད་འགྲོ་གསུམ་དང་། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད་བཅས་ཀྱི་ལྷུ་ཚིགས་ཁག་ཏུ་ཁྱབ་པར་བྱས་པས། གྲོང་གསེབ་ཡུལ་སྐོར་གྱི་རིག་གནས་ནང་དོན་རྒྱུན་མཐུད་ཕུན་སུམ་ཚོགས་སུ་ཕྱིན་ཏེ། ད་ཆ“ཀྲུང་གོའི་ཡིག་གཟུགས་ཀྱི་ཕ་ས”དང“རྒྱལ་ཁབ་ཀྱི་སོས་དལ་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་གྱི་དཔེ་སྟོན་ཆུས”“ས་མཐོའི་གནའ་བོའི་ཕོ་བྲང་ཆུང་ཆུང”སོགས་རིག་གནས་ཡུལ་སྐོར་གྱི་མིང་བྱང་རྩེ་གྲ་བདེ་བླག་བཏོད་ཡོད། ལྷོ་རིའི་མདའ་འཕེན་འགྲན་བསྡུར་དང་དགོན་ལུང་གི་མཛའ་གཞས་འདུ་ཚོགས། བྱང་རིའི་རྟ་རྒྱུག་སོགས་རིག་གནས་སྤུས་རྟགས་མིང་བྱང་གི་སྐད་གྲགས་ཆེ་རུ་སོང་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ལུང་མདོ་ཆུས་ཀྱིས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ལུན་ཡོན་གྱི་ཚོན་ཅན་སྒྲོན་མེའི་འདུ་ཚོགས་དང་ནན་ལེང་གནའ་གྲོང་གི་ཧོར་རིགས་ཀྱི་དམངས་སྲོལ་རིག་གནས། ཕར་ཆིན་ཁང་སོགས་ལོ་རྒྱུས་དང་། ས་ཁོངས། དམངས་སྲོལ་བཅས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་སྲོལ་རྒྱུན་གྲོང་སྡེ་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་ཐོན་ལས་རྟེན་གཞི་ཆགས་པར་སྐུལ་འདེད་བཏང་བས། གྲོང་གསེབ་ཏུ་གནའ་ཉམས་སྔར་བཞིན་གནས་ཐུབ་ཡོད་ལ། སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པའང་རྒྱས་ཡོད། དེ་དང་ཆབས་ཅིག་དམིགས་བསལ་གྱི་མཛེས་ལྗོངས་དང་། ཞིང་ཐང་གི་མཛེས་ལྗོངས། ཁྱད་ལྡན་ཞིང་ལས་ཡུལ་སྐོར་ཐོན་ཁུངས་བཅས་གཞི་རྟེན་དུ་བྱས་ཏེ་ཤིང་འབྲས་དང་སྔོ་ཚལ་འཐུ་བ་བརྗོད་དོན་གཙོ་བོར་བྱས་པའི་སོས་དལ་དང་ལྟ་སྐོར་གྱི་ཞིང་ལས་འདུས་ཚོགས་བཏོད་པ་དང་། ལི་ཅ་ཧའོ་ཡི་སེའུ་ཆེན་པོའི་ལྗོངས་གཟིགས་ཡུལ་སྐོར་དང་ཚན་རིག་ཁྱབ་གདལ་གྱི་དཔེ་སྟོན་རྟེན་གཞི་དང་། ཧོ་ཡུན་སོས་དལ་སྤྲོ་གསེང་ཁུལ། ཨོ་ལུང་རོང་སོས་དལ་ཞིང་ལས། ཧྥེང་ཏུའེ་ཞོག་ཁོག་མེ་ཏོག་གླིང་། མུའུ་ཁྲི་ཡི་ཤིང་པད་མའི་ཞིང་ཐང་སོགས་སོ་ནམ་ལས་ལ་ཉམས་ལེན་དང་། ཞིང་ལས་ཐོན་རྫས་བསྡུ་བ། ཞིང་ལས་ལྟ་སྐོར་སོགས་སྐྱེ་ཁམས་སོས་དལ་ཞིང་ལས་ཀྱི་སྒུལ་ཤུགས་གསར་པར་སྐུལ་འདེད་བཏང་སྟེ་གྲོང་གསེབ་ཡུལ་སྐོར་ལ་གསོན་ཤུགས་གསར་པ་རྒྱས་པར་བྱས་ཡོད།