འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཡུལ་འདིར་མེ་རི་འཕྱུར་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་12ཉིན། 16:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་10ཉིན། ཨེ་ཁྭ་ཏོར་གྱི་སའི་གོ་ལའི་དངོས་ཁམས་ཞིབ་འཇུག་ཁང་གིས་སྤྱི་བསྒྲགས་སྤེལ་ནས། རྒྱལ་ཁབ་དེའི་རྒྱལ་ས་ཁེ་ཐོ་ཡི་ལྷོ་ཕྱོགས་ཀྱི་ཁོ་ཐུའོ་ཕཱ་ཞི་མེ་རིར་རླངས་གཟུགས་དང་མེ་རིའི་ཐལ་བ་རྒྱུན་མཐུད་ངང་འཕྱུར་ནས། མེ་རིའི་ཐལ་རྡུལ་མཐོ་ཚད་སྨི་2200ཟིན་ཡོད་ཅེས་འཁོད་ཡོད་པ་རེད། སྲུང་སྐར་མ་ལག་གིས་འདས་ཟིན་པའི་ཆུ་ཚོད་24ཡི་ནང་ཁོ་ཐུའོ་ཕཱ་ཞི་མེ་རིའི་ཚ་དྲོད་རྒྱུན་ལྡན་མིན་པའི་གནས་ཚུལ་ལྟ་ཞིབ་ཚད་ལེན་ཐུབ་མེད་པ་མ་ཟད། གནམ་གཤིས་སྔོན་བརྡ་ལས་ཆར་པ་འབབ་རྒྱུ་བསྟན་མེད་པ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། མེ་རིའི་ལྷོ་ནུབ་རྒྱུད་དུ་གནས་པའི་ཧྲེང་ཧྭ་ཅིན་གྲོང་རྡལ་དང་། ཧྲེང་ཨའོ་ཀུའུ་སི་ཏིང་ཏེ་ཁ་ལུའོ་གྲོང་རྡལ་གཉིས་ཀས་མེ་རིའི་ཐལ་རྡུལ་འཚུབ་པའི་གནས་ཚུལ་སྙན་སེང་ཞུས་ཡོད་པ་རེད།
     ཨེ་ཁྭ་ཏོར་གྱི་སའི་གོ་ལའི་དངོས་ལུགས་ཞིབ་འཇུག་ཁང་གིས་དམངས་ཚོགས་ལ། མེ་རིའི་ཐལ་རྡུལ་གྱིས་ཤ་པགས་ལ་གནོད་པ་མ་ཟད། དབུགས་ལམ་གྱི་ནད་ཀྱང་སློང་སྲིད་པས་ངེས་པར་དུ་དེ་ལས་གཡོལ་དགོས། བྱིས་པ་དང་བགྲེས་སོང་གིས་ལྷག་པར་དུ་དོ་སྣང་བྱེད་དགོས། མེ་རིའི་ཐལ་བ་དང་འཕྲད་ན་ཞྭ་མོ་དང་། ཁ་རས། ལག་ཤུབས། ལྷམ་སོགས་འགོག་སྲུང་དངོས་རྫས་སྤྱོད་དགོས་པའི་དྲན་སྐུལ་བྱས་པ་རེད།