འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་ཞིང་ཆེན་རྨང་གཞིའི་ཚད་འཇལ་རིས་འབྲི་ཁང་རྒྱལ་ཁབ་ཀྱི་བྱང་སྐར་སྤུན་བདུན་ཚན་རིག་ཁྱབ་གདལ་རྟེན་གཞི་ཁག་དང་པོའི་ནང་ཚུད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་12ཉིན། 16:24】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་5ཚེས་9ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་རྨང་གཞིའི་ཚད་འཇལ་རིས་འབྲི་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་པེ་ཅིང་དུ་འཚོགས་པའི་ཀྲུང་གོའི་སྲུང་སྐར་ཕྱོགས་སྟོན་ལོ་ཚོགས་སྐབས་བཅུ་གསུམ་པའི་ཐོག་ཀྲུང་གོ་སྲུང་སྐར་ཕྱོགས་སྟོན་མ་ལག་དོ་དམ་གཞུང་དོན་ཁང་གིས་རྒྱལ་ཡོངས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པ་དང་ཚན་ཞིབ་ཁང་30ལྷག་ཙམ་ལ“བྱང་སྐར་སྤུན་བདུན་ཚན་རིག་ཁྱབ་གདལ་རྟེན་གཞིའི”མཚན་སྙན་སྤྲད་པ་དང་། མཚོ་སྔོན་ཞིང་ཆེན་རྨང་གཞིའི་ཚད་འཇལ་རིས་འབྲི་ཁང་གཟི་བརྗིད་མཚན་སྙན་དེ་ཐོབ་པའི་ཚན་པ་ཁག་དང་པོའི་གྲས་ཤིག་ཡིན་ལ། མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་མཚན་སྙན་ཐོབ་མཁན་ཚན་པ་འབའ་ཞིག་དེའང་ཡིན་པ་རེད།
     མཚོ་སྔོན་ཞིང་ཆེན་རྨང་གཞིའི་ཚད་འཇལ་རིས་འབྲི་ཁང་གི་འབྲེལ་ཡོད་འགན་ཁུར་བས། གོམ་སྟབས་རྗེས་མར་མཚོ་སྔོན་བྱང་སྐར་སྤུན་བདུན་ཚན་ཞིབ་ཚན་རིག་ཁྱབ་གདལ་རྟེན་གཞིས་རྟེན་གཞིའི་འཛུགས་སྐྲུན་ལ་རིམ་གྱིས་ཤུགས་བརྒྱབ་ནས་བྱང་སྐར་སྤུན་བདུན་གྱི་འབྲེལ་ཡོད་ཚན་རིག་ཁྱབ་གདལ་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། ཚན་རིག་ཁྱབ་གདལ་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་གསོ་དང་། རང་བྱུང་ཐོན་ཁུངས། འཕྲལ་སྡོམ། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ལ་གཙོ་བོར་དམིགས་ཏེ་ཚན་རིག་ཁྱབ་གདལ་དང་ལག་རྩལ་འདྲི་རྩད་ཞབས་ཞུ་སྤེལ་རྒྱུ་ཡིན་ཞེས་བརྗོད་པ་རེད།