འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཐོ་རྒྱུགས་དང་འབྲེལ་བ་ཡོད་པའི་བཀོད་སྒྲིག་གསར་ཤོས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་11ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། སློབ་གསོ་པུས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་2023ལོའི་རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ཡིག་རྒྱུགས་བདེ་འཇགས་ལས་དོན་གྱི་བརྙན་བརྒྱུད་ཚོགས་འདུ་འཚོགས་ཏེ། ལག་ཁྱེར་ཁ་པར་གྱི་ཐོག་ནས་ཡིག་རྒྱུགས་རྐུ་འབྲི་ལ་དོགས་ཟོན་བྱེད་རྒྱུ་དེ་ད་ལོའི་མཐོ་རྒྱུགས་བདེ་འཇགས་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། ལག་ཁྱེར་ཁ་པར་དེ་“འཁྱེར་མི་ཐུབ་པ་”དང་“སྤྱོད་མི་ཐུབ་པ་”དང་“བསྐུར་མི་ཐུབ་པ་”བཅས་བཟོས་ཏེ། ཡིག་རྒྱུགས་བདེ་འཇགས་ཀྱི་“རྒྱུགས་ར་གཙོ་བོ་”སྔར་ལྷག་བསྲུང་དགོས་པའི་བླང་བྱ་བཏོན་པ་རེད།
     ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རྒྱུགས་གཞི་དང་རྒྱུགས་ཤོག་གི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ་དང་། ཡིག་རྒྱུགས་ལས་དོན་སྒྲུབ་སྟངས་ཚད་ལྡན་དུ་གཏོང་བ། རྒྱུགས་ལེན་རིམས་འགོག་སོགས་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་ཡག་པོར་སྒྲུབ་པ་དང་། མཐོ་རྒྱུགས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཡིག་རྒྱུགས་ཀྱི་ནང་དོན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། འབྲེལ་ཡོད་ཆེད་དོན་སྒྱུར་བཅོས་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། “མཐོ་རྒྱུགས་སྲུང་སྐྱེལ་བྱ་སྤྱོད་”མུ་མཐུད་སྤེལ་ནས། རྒྱུགས་སྤྲོད་སློབ་མའི་“བྲེལ་འཚུབ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་”སོགས་ཐག་གཅོད་ཡག་པོར་བྱེད་པ་དང་། ཆ་འཕྲིན་ཡོངས་བསྒྲགས་དང་སྲིད་ཇུས་གསལ་འགྲེལ་ཡག་པོར་བྱེད་པ། ཡིག་རྒྱུགས་སློབ་བསྡུ་དང་འབྲེལ་བ་ཡོད་པའི་གསོ་སྦྱོང་སྒྲིག་གཞི་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་“མཐོ་རྒྱུགས་ཉེན་མེད་”ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་བྱེད་དགོས།