འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀན་སུའུ་ཡི་དུས་ཚིགས་དང་པོའི་འཛད་སྤྱོད་དགོས་མཁོ་སླར་གསོ་བྱུང་བ།

ཡུལ་སྐོར་ཡོང་འབབ་2019ལོའི་དུས་མཚུངས་ཀྱི་90%བར་སླར་གསོ་ཐུབ་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་10ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཟླ་5ཚེས་5ཉིན་གྱི་ཕྱི་དྲོར་འཚོགས་པའི་ཀན་སུའུ་ཞིང་ཆེན་ཡོངས་ཀྱི་དུས་ཚིགས་ཀྱི་དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་དཔལ་འབྱོར་སྤྱིའི་ཆ་ནས་ལེགས་སུ་ཕྱིན་པའི་དུས་བབ་ཆེན་པོའི་འོག་ཀན་སུའུ་ཡི་འཛད་སྤྱོད་དགོས་མཁོ་སླར་གསོ་བྱུང་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་ཞག་སྡོད་བཟའ་བཏུང་། ཚོང་དོན་ཞབས་ཞུ། སྡེབ་ཚོང་སིལ་ཚོང་སོགས་ལས་རིགས་ཚང་མ་ཆ་སྙོམས་གྲངས་གནས་གཉིས་འཕར་ཡོད་པ་རེད། ཡུལ་སྐོར་ཁྲོམ་ར་ཁྱོན་ཡོངས་ནས་སླར་གསོ་ཐུབ་སྟེ་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་དུས་མཚུངས་ལས་82.6%དང་90.1%སོ་སོར་འཕར་བ་དང་། སྣེ་ལེན་ཞུས་པའི་མི་གྲངས་2019ལོའི་དུས་མཚུངས་དང་གཅིག་མཚུངས། ཡུལ་སྐོར་ཡོང་འབབ་2019ལོའི་དུས་མཚུངས་ཀྱི་90%བར་སླར་གསོ་ཐུབ་ཡོད།
    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཚིགས་གཉིས་པར་ཀན་སུའུ་ཡིས་བྱེད་ཐབས་སྤྱད་ནས་འཛད་སྤྱོད་མགྱོགས་མྱུར་འཕར་བ་བྱེད་རྒྱུ་ཡིན་ཞིང་། ཙེ་པོའོ་བསྲེགས་ཟས་སོགས་རིག་གནས་ཡུལ་སྐོར་གྱི་དར་ཆེའི་ཐོན་རྫས་ཀྱིས་ཡུལ་ཕྱོགས་གཅིག་གི་ཡུལ་སྐོར་འཁྲུག་པོ་ཡོང་བར་བྱེད་པ་དང་ས་ཆ་ཞིག་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་བྱེད་པའི་ཉམས་མྱོང་ལ་བརྟེན་ནས། ཡུལ་སྐོར་གྱི་དུས་ཚོད་ཡག་ཤོས་དམ་འཛིན་བྱས་ཏེ་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན་གྱི་ཕན་འབྲས་ཆེ་རུ་བཏང་ནས་ཉེ་འཁོར་ཞིང་ཆེན་དང་ཡུལ་སྐོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་འཕེལ་རྒྱས་ཆེན་པོ་ཡོང་བ་བྱེད་རྒྱུ་རེད། དེ་དང་ཆབས་ཅིག་ཀན་སུའུ་ཡིས་ས་ཁོངས་ཀྱི་ཁྱད་ལྡན་འཛད་སྤྱོད་ལྟེ་གནས་གྲོང་ཁྱེར་གཏོད་རྒྱུ་དང་འགྲེམས་ཚོགས་དང་འདུ་ཚོགས་ཇུས་འགོད་སོགས་ཀྱི་བྱེད་ཐབས་ཐོག་ནས་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། ཁྱིམ་ཆས། བཟའ་བཏུང་སོགས་འཛད་སྤྱོད་ཆེ་གྲས་གཏོད་རྒྱུ་རེད། རྫོང་ཁོངས་ཀྱི་ཚོང་ལས་འཛུགས་སྐྲུན་བྱ་སྤྱོད་ལ་བརྟེན་ནས་གྲོང་གསེབ་ཀྱི་ཚོང་ལས་དྲ་རྒྱའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་ཟོག་འགྲེམས་མྱུར་སྐྱེལ་གྱི“མཐའ་མའི་འགག་གནད”བསལ་ནས་གྲོང་གསེབ་ཀྱི་འཛད་སྤྱོད་ལ་སྐུལ་མ་གཏོང་རྒྱུ་རེད།