འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀུ་ཤུ་ཚང་ལ་ཉེན་བརྡ་བཏང་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་08ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འཇར་མན་གྱི《དུས་རབས་གཟའ་འཁོར་རེའི་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཀུ་ཤུ་ཀུང་སིར་ཉིན་ཤས་གོང་ཡོ་རོབ་མནའ་འབྲེལ་གྱིས་ཐ་ཚིག་བསྒྲགས་པ་དང་། ཡོ་རོབ་མནའ་འབྲེལ་གྱིས་གལ་ཏེ་ཀུ་ཤུ་ཀུང་སིས་ཕྱོགས་གསུམ་པའི་ལྷུ་ལག་གི་གློག་གསོག་མྱུར་ཚད་ཚོད་འཛིན་བྱས་ཚེ། ཡོ་རོབ་མནའ་འབྲེལ་དུ་ཀུ་ཤུའི་རིག་ནུས་ལག་ཁྱེར་ཁ་པར་འཚོང་རྒྱུ་གཏན་འགོག་བྱ་རྒྱུ་ཞེས་བཤད་པ་རེད། ཡོ་རོབ་མནའ་འབྲེལ་ནང་ཁུལ་གྱི་ཁྲོམ་རའི་ཆེད་དོན་པ་ཏི་ཨེ་ལི · པུའུ་ལེ་ཏུན་གྱིས་ཨ་རིའི་ཀུ་ཤུ་ཀུང་སིར་ཐ་ཚིག་བསྒྲགས་ཡོད། གནས་ཚུལ་སྤེལ་བར་གཞིགས་ན། པུའུ་ལེ་ཏུན་གྱིས་ཡི་གེའི་ནང“ལག་ཁྱེར་ཁ་པར་ལ་གློག་གསོག་པའི་མྱུར་ཚད་ལ་ཚོད་འཛིན་བྱེད་པ་ནི་དང་ལེན་བྱེད་ཐབས་བྲལ་བ་ཞིག་རེད”ཅེས་བཤད།
   ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོའི་ཟླ་10པར། ཡོ་རོབ་མནའ་འབྲེལ་གྱིས་འཁྱེར་བདེའི་རིག་ནུས་གློག་རྡུལ་སྒྲིག་ཆས་ཀྱི་གློག་སྣོན་སྦྲེལ་མཐུད་གཅིག་གྱུར་བྱ་རྒྱུ་དམིགས་ཡུལ་དུ་བྱས་པའི་ཁྲིམས་དོན་གྲོས་གཞི་ཞིག་ལ་གྲོས་འཆམ་བྱུང་ནས། ལག་ཁྱེར་ཁ་པར་དང་ངོས་ལེབ་གློག་ཀླད་སོགས་གློག་རྡུལ་སྒྲིག་ཆས་ལ་ངེས་པར་དུ་གཅིག་གྱུར་གྱི་USB-Cམཐུད་ཁ་སྤྱོད་རྒྱུ་བྱས་ཏེ་གློག་རྡུལ་གད་སྙིགས་ཐོན་པ་དང་། ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། འོན་ཀྱང་། ཁྲིམས་གཞི་དེ་2024ལོའི་ཟླ་12པར་གཞི་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ཞིང་། དེ་རྗེས་འགྲེམས་ཚོང་བྱས་པའི་གློག་རྡུལ་སྒྲིག་ཆས་ལ་གཞི་ནས་གཏན་འབེབས་གསར་པ་དེ་སྤྱད་ན་འཚམ་པོ་ཡོད་པ་རེད།