འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བུ་ཆུང་ཚེ་རིང་གིས། བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་གྱིས་ལས་རིགས་ཀྱི་ལག་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་05ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
བོད་སྨན་སྨན་རྩྭའི་མ་དཔེ་ཁང་དུ་བུ་ཆུང་ཚེ་རིང་གིས་སློབ་མ་ཚོར་སྨན་རྩྭའི་ཤེས་བྱ་སློབ་བཞིན་པ།
བོད་སྨན་སྨན་རྩྭའི་མ་དཔེ་ཁང་དུ་བུ་ཆུང་ཚེ་རིང་གིས་སློབ་མ་ཚོར་སྨན་རྩྭའི་ཤེས་བྱ་སློབ་བཞིན་པ།
     བོད་ལྗོངས་གསོ་རིག་སློབ་ཆེན་ནས་ཐོན་པའི་བུ་ཆུང་ཚེ་རིང་བོད་སྨན་འདུལ་བཟོའི་ལས་ལ་གཞོལ་ནས་ལོ་20ལྷག་ཙམ་སོང་ཞིང་། ད་ལྟ་བོད་ལྗོངས་བདུད་རྩི་བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་ཐོན་སྐྱེད་པུའི་ཅིང་ལི་དང་མངོན་མིན་རིག་གནས་རྒྱུན་འཛིན་གཞུང་དོན་ཁང་གི་ཀྲུའུ་རེན་གཅིག་ལྕོགས་རེད།
     ལོ་20ལྷག་ཙམ་རིང་བོད་ཀྱི་གསོ་བ་རིག་པའི་ལག་ལེན་དང་ཉམས་མྱོང་ལ་བརྟེན་ནས་བུ་ཆུང་ཚེ་རིང་གིས《རྒྱུན་སྤྱོད་བོད་སྨན་བེད་སྤྱོད་ཕྱོགས་སྟོན》དང《རང་བྱུང་ཆུ་ཚན་རྒྱག་སྟངས》སོགས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚན་རིག་ཁྱབ་གདལ་ཤེས་བྱའི་ལག་དེབ་སྔ་རྗེས་སུ་རྩོམ་འབྲི་དང་ལེགས་སྒྲིག་བྱས་ཡོད། 2021ལོར་བུ་ཆུང་ཚེ་རིང་ལ“བོད་ཀྱི་བཟོ་བོའི”མཚན་སྙན་ཐོབ་པ་རེད།
བུ་ཆུང་ཚེ་རིང་གིས་བོད་སྨན་རིལ་བུར་ཞིབ་དཔྱད་བྱེད་བཞིན་པ།
བུ་ཆུང་ཚེ་རིང་གིས་བོད་སྨན་རིལ་བུར་ཞིབ་དཔྱད་བྱེད་བཞིན་པ།