འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀན་སུའུ་ཡི་རིག་གནས་ཡུལ་སྐོར་གྱི་གཙོ་གནད་རྣམ་གྲངས་12ཀྱིས་ཚོང་འགུགས་མ་འདྲེན་སྒོར་
དུང་ཕྱུར་58.9བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་05ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཀྲང་དབྱི་ནས་ཟླ་5ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རིག་གནས་ཡུལ་སྐོར་པུའུ་དང་ཀན་སུའུ་ཞིང་ཆེན་སྲིད་གཞུང་གིས་གཙོ་གཉེར་དང་། ཀན་སུའུ་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་དང་ཀྲང་དབྱི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཉེར་འགན་འཁུར་བའི་ཏུན་ཧོང་དུ་སྐྱོད་པ·དར་གོས་ལམ་བུའི་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན་སྐབས་བཅུ་གཅིག་པ་ཀན་སུའུ་ཀྲང་དབྱི་གྲོང་ཁྱེར་དུ་འཚོགས་ཤིང་། “རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་48དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་28ཀྱི་སྐུ་མགྲོན་700ལྷག་ཀྲང་དབྱི་གྲོང་ཁྱེར་དུ་འཛོམས་ནས་འཕེལ་རྒྱས་དང་། མཉམ་ལས། འབྱུང་འགྱུར་བཅས་ཀྱི་ཐད་མཉམ་དུ་གྲོས་མོལ་དང་ཇུས་འགོད་བྱས་པ་རེད།
    གསར་འགོད་པར་ཤེས་རྟོགས་བྱུང་བར། ཐེངས་འདིའི་ཡུལ་སྐོར་དུས་ཆེན་ཐོག་2023ལོའི་ཀན་སུའུ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཚོང་འགུགས་མ་འདྲེན་གཙོ་གནད་རྣམ་གྲངས་ཀྱི་གན་འཇོག་མཛད་སྒོ་ཡང་འཚོགས་ཤིང་། རིག་གནས་ཡུལ་སྐོར་གྱི་ཚོང་འགུགས་མ་འདྲེན་གཙོ་གནད་རྣམ་གྲངས་12ལ་གན་རྒྱ་བཞག་པར་མ་རྩ་བསྡོམས་འབོར་སྒོར་དུང་ཕྱུར་58.9ཟིན་ཡོད་པ་རེད།
    ད་བར་ཏུན་ཧོང་ཡུལ་སྐོར་དུས་ཆེན་སྐབས་བཅུ་བདེ་བླག་ངང་གཉེར་ཡོད། སྐབས་འདིའི་ཏུན་ཧོང་ཡུལ་སྐོར་དུས་ཆེན་ཐོག“‘རྒྱུད་གཅིག་ལམ་གཅིག’གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རིག་གནས་ཡུལ་སྐོར་ཁྲོམ་ར་སླར་གསོ་ཡོང་བར་མཉམ་དུ་སྐུལ་འདེད་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བཟུང་ནས། ཀན་སུའུ་ཡི་ཡུལ་སྐོར་འོས་སྦྱོར་དང་དེ་བཞིན་རྒྱལ་སྤྱིའི་ཡུལ་སྐོར་ཚོང་པའི་མཉམ་ལས་ཚོགས་ཆེན་དང་། འཛམ་གླིང་ཡུལ་སྐོར་མནའ་འབྲེལ·དར་གོས་ལམ་བུའི་གླེང་མོལ་སོགས་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་བ་རེད།