འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཏ་ལའི་ལོ་མའི་ཆོས་དཔེ་ཉམས་གསོ་གནང་མཁན་འགྱུར་མེད་ཚུལ་ཁྲིམས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་05ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཏ་ལའི་ལོ་མའི་ཆོས་དཔེ་ཉམས་གསོ་གནང་མཁན་འགྱུར་མེད་ཚུལ་ཁྲིམས།
   བོད་ལྗོངས་ལྷ་སའི་ནུབ་ངོས་ཀྱི་ནོར་བུ་གླིང་ཁའི་གྲུ་འཛིན་ཕོ་བྲང་གི་དཔེ་སྒྲོམ་ཐོག བོད་ཀྱི་ཁྱབ་ཁོངས་ཁག་དང་འབྲེལ་བ་ཡོད་པའི་དཔེ་རྙིང་སྟོང་ཕྲག་མང་པོ་ཉར་ཚགས་བྱས་ཡོད། འགྱུར་མེད་ཚུལ་ཁྲིམས་ཡོད་སའི་ནོར་བུ་གླིང་ཁའི་དོ་དམ་ཁྲུའུ་ཡི་དཔེ་རྙིང་ཡོངས་བཤེར་ཚོགས་པས་ད་ཆ་ལག་བྲིས་དང་གློག་ཀླད་ཐོག་ནས་དཔེ་རྙིང་ཡོངས་བཤེར་ཐོ་འགོད་བྱེད་བཞིན་ཡོད་པ་རེད།     
   འགྱུར་མེད་ཚུལ་ཁྲིམས་ནི་1967ལོར་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་འཁྲུངས། 1986ལོར། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་གྱིས་གྲ་ནང་རྫོང་དུ་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ལ་བརྟག་ཞིབ་གནང་སྐབས། འགྱུར་མེད་ཚུལ་ཁྲིམས་བོད་ཡིག་གི་ལས་རོགས་ཡིན་པའི་ངོས་ནས་ཐོག་མར་རིགས་གཅིག་མཁས་ཅན་གྱི་རྗེས་སུ་འབྲངས་ནས་ལེགས་སྦྱར་སྐད་སྦྱངས། 1991ལོར། འགྱུར་མེད་ཚུལ་ཁྲིམས་པེ་ཅིང་དུ་ཡོད་པའི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་སློབ་སྦྱོང་བྱེད་པར་བསྐྱོད་ནས། ལེགས་སྦྱར་སྐད་རྒྱུད་རིམ་ལྡན་པར་སློབ་སྦྱོང་བྱས།
   2006ལོར། བོད་ལྗོངས་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་འགྱུར་མེད་ཚུལ་ཁྲིམས་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོང་གི་ལས་དོན་ནང་ཞུགས་པར་གདན་དྲངས་པ་དང་། གཙོ་བོ་དཔེ་ཆ་ཉམས་གསོའི་ལས་དོན་གྱི་འགན་འཁུར་ཡོད།
    ཏ་ལའི་ལོ་མའི་དཔེ་ཆ་ཞེས་པ་ནི་ཤིང་ཏ་ལའི་ལོ་མའི་ཐོག་བྲིས་པའི་དཔེ་ཆ་ཡིན་ཞིང་། དེའི་ནང་དོན་མང་ཆེ་བ་ལེགས་སྦྱར་གྱི་ཡི་གེ་ཡིན་པ་དང་། ནང་བསྟན་གྱི་གསུང་རབ་ཕུད་ད་དུང་རྩོམ་རིག་དང་། སྒྱུ་རྩལ། མཚན་ཉིད་རིག་པ། གསོ་རིག གནམ་རིག་སོགས་དང་འབྲེལ་བ་ཡོད་པས། དེ་ནི་ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡ་དབུས་མའི་རིག་གནས་བརྒྱུད་སྤེལ་དང་ལོ་རྒྱུས་ཤེས་རྟོགས་བྱེད་པའི་དཔྱད་གཞི་གལ་ཆེན་གྱི་ཡིག་ཆ་ཞིག་རེད། ད་ཆ་ཉར་ཚགས་བྱས་པའི་ཤིང་ཏ་ལའི་ལོ་མའི་དཔེ་ཆའི་ནང་བཅུ་ཆ་དྲུག་བོད་ལྗོངས་སུ་ཉར་ཚགས་བྱས་ཡོད།
   དེ་རྗེས་ཀྱི་ལོ་6གི་དུས་ཚོད་ནང་། འགྱུར་མེད་ཚུལ་ཁྲིམས་དང་རིགས་གཅིག་མཁས་ཅན་གཞན་དག་གིས་བོད་རིགས་དང་། རྒྱ་རིགས། དབྱིན་ཇི་བཅས་ཀྱི་ཚད་ལྡན་ཡིག་ཆ་སྣ་མང་ཁྲོད་ཀྱི་ཤིང་ཏ་ལའི་ལོ་མའི་དཔེ་ཆ་བརྒྱུད་སྤེལ་དང་། བོད་ཀྱི་དཔེ་ཆ་ཡིག་སྒྱུར་བྱེད་སྒོ། དེ་བཞིན་ལོ་ཙཱ་བ་སོགས་ཀྱི་གནས་ཚུལ་ལ་གཞིགས་ཏེ་བོད་ཀྱི་ས་གནས་ཁག་ཏུ་ཡོངས་ཁྱབ་ཏུ་ཞིབ་བཤེར་བྱེད་པར་བསྐྱོད་པའི་ལམ་ཐག་སྤྱི་ལེ་ཁྲི་1.7ཟིན་ཡོད་པ་རེད།
   ཤིང་ཏ་ལའི་ལོ་མའི་དཔེ་ཆ་ཡོངས་བཤེར་དང་ཉམས་གསོའི་ལས་དོན་ལེགས་གྲུབ་ཟིན་རྗེས། འགྱུར་མེད་ཚུལ་ཁྲིམས་ཀྱིས་སྔར་བཞིན་དཔེ་རྙིང་ཉམས་གསོའི་བྱ་གཞག་ལ་གཞོལ་ནས། བོད་ཡིག་ཚད་ལྡན་ཡིག་ཆ་མང་པོ་ཞིག་ཉམས་གསོའི་ཡོངས་བཤེར་ལས་འགན་མཐའ་འཁྱོངས་ལྷོད་མེད་ངང་ལེགས་སྒྲུབ་བྱས་པ་རེད། 2017ལོར་འགྱུར་མེད་ཚུལ་ཁྲིམས་ཐོག་མར་“བོད་ཀྱི་ལག་ཤེས་པའི་”ནང་བདམས་པ་རེད།   
【1】  【2】  【3】
༄༅།།ཏ་ལའི་ལོ་མའི་ཆོས་དཔེ་ཉམས་གསོ་གནང་མཁན་འགྱུར་མེད་ཚུལ་ཁྲིམས།