༄༅།།“ལྔ་གཅིག”ངལ་གསོའི་ཉིན་བཞི་པར་རྒྱལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་སྤྱིའི་ཆ་ནས་བརྟན་ལ་
གོ་རིམ་ལྡན་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 05ཚེས་04ཉིན། 12:37】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། “ལྔ་གཅིག”ངལ་གསོའི་ཉིན་བཞི་པ་ནི་ས་གནས་ཁག་ཏུ་གུང་གསེང་ཚར་རྗེས་ཕྱིར་ལོག་བྱེད་མཁན་མང་ཤོས་ཀྱི་དུས་ཤིག་ཡིན་པས། རྒྱལ་ཡོངས་ཀྱི་གཞུང་ལམ་གཙོ་བོར་འགྲིམ་འགྲུལ་འགྲོ་སྐྱོད་བྱེད་ཚད་མང་བ་དང་མྱུར་བགྲོད་གཞུང་ལམ་ཐོག་འགྲོ་སྐྱོད་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ལམ་དུམ་ཁག་གཅིག་ཏུ་འགྲོ་སྐྱོད་བྱེད་ཚད་མང་དྲགས་པ་དང་རླངས་འཁོར་ཕན་ཚུན་བརྡར་བའི་ལས་འཛོལ་སོགས་ཀྱིས་རྐྱེན་པས་རླངས་འཁོར་འགག་པ་དང་འགྲོ་སྐྱོད་འགོར་བ་ཕུད། རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་དང་རྒྱལ་ལམ་དང་ཞིང་ཆེན་གྱི་ལམ་ཨ་མ་སྤྱིར་ན་རྒྱུན་གཏན་དུ་ཡིན་པ་རེད། ཟླ་5ཚེས་2ཉིན་གྱི་ཆུ་ཚོད་18བར། དུས་ཡུན་རིང་པོ་དང་གཞི་ཁྱོན་ཆེ་བའི་འགྲིམ་འགྲུལ་འགག་པའི་གནས་ཚུལ་ཐོན་མེད་པ་དང་མི་5ཡན་རྐྱེན་ལམ་དུ་ཤོར་བའི་འགྲིམ་འགྲུལ་ལས་འཛོལ་གཅིག་ཀྱང་ཐོན་མེད་པ་རེད།
ས་གནས་ཁག་གི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཉེན་རྟོག་པ་འགྲོ་ལམ་ཐོག་བཀོད་སྒྲིག་ཧུར་ཐག་བྱས་ནས་ལམ་ངོས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། འཕྲལ་སྡོམ་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ། དྲིལ་བསྒྲགས་དྲན་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། “ལྔ་གཅིག”གུང་གསེང་རིང་ཕྱིར་ལོག་བྱེད་མཁན་གྱི་འགྲིམ་འགྲུལ་བདེ་འཇགས་འགན་ལེན་ནུས་ལྡན་བྱས་ཡོད་པ་རེད།
