འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རང་རྒྱལ་གྱིས་ཨེ་ཤེ་ཡའི་སྣུམ་རླངས་ཁྲོན་པ་ཟབ་ཤོས་འདྲུ་འགོ་ཚུགས་པ།

ཁྲོན་པའི་གཏིང་ཚད་ལ་སྨི་9472ཇུས་འགོད་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་04ཉིན། 12:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་2ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་5ཚེས་1ཉིན་ཐ་ལི་མུ་གཤོང་སར་གནས་པའི“ས་གཏིང་ཨང་དང་པོ”ཁྲོན་པ་3-3XCའདྲུ་འགོ་ཚུགས་ཤིང་། ཁྲོན་པ་དེའི་གཏིང་ཚད་ལ་སྨི་9472ཇུས་འགོད་བྱས་ནས་ཨེ་ཤེ་ཡའི་ཁྲོན་པ་ཟབ་ཤོས་ཀྱི་ཟིན་ཐོ་གསར་པ་གཏོད་ཀྱི་ཡོད།
    “ས་གཏིང་ཨང་དང་པོ”འཛུལ་སའི་ཁྲོན་པ་3-3XCནི་ཤིན་ཅང་ཨ་ཁེ་སུའུ་ས་ཁུལ་ཧྲ་ཡཱ་རྫོང་གི་ཐ་ཁེ་ལཱ་མཱ་ཀན་བྱེ་ཐང་གི་མཐའ་རུ་གནས་ཤིང་། རྒྱུན་གཏན་ལས་རིགས་ནང་ཁུལ་དུ་ཁྲོན་པའི་ཟབ་ཚད་སྨི་4500ནས་6000བར་ཁྲོན་ཟབ་ལ་གཏན་འཁེལ་བྱས་པ་དང་། སྨི་6000ནས་9000བར་ཁྲོན་པ་ཆེས་ཟབ་ཤོས་དང་། སྨི་9000ལས་བརྒལ་བ་ནི་ཁྲོན་པ་ཧ་ཅང་ཟབ་ཤོས་ལ་གཏན་འཁེལ་བྱས་ཤིང་། ཁྲོན་པ་ཧ་ཅང་ཟབ་ཤོས་འདྲུ་བའི་རྩད་ཞིབ་བྱེད་པ་ནི་སྣུམ་རླངས་ལས་གྲྭའི་ལག་རྩལ་གྱི་འཇུར་མིག་དམ་ཤོས་དང་འགྲན་སློང་ཆེ་ཤོས་ཀྱི་ཁྱབ་ཁོངས་ཤིག་རེད།
     ཁྲོན་པ་ཧ་ཅང་ཟབ་ཤོས་ཀྱི་ས་གཤིས་གྲུབ་ཚུལ་རྙོག་འཛིང་ཆེ་བ་དང་། དྲོད་ཚད་མཐོ་བ། གནོན་ཤུགས་ཆེ་བ། ཟི་འགྱུར་ཆིང་འདུས་ཚད་མང་བ་སོགས་ཀྱི་དཀའ་གནད་ཁྱད་བསད་བྱེད་དགོས་པ་ཕུད། ཁྲོན་པ་དེར་ད་དུང་སྨི་3400ལྷག་ཙམ་གྱི་འཕྲེད་ཕྱོགས་སུ་འདྲུ་བའི་བར་ཐག་ཇུས་འགོད་བྱས་ཡོད་པས་ཨེ་ཤེ་ཡའི་ཁྲོན་པ་ཧ་ཅང་ཟབ་ཤོས་འདྲུ་བའི་འཕྲེད་ཕྱོགས་གནས་སྤོའི་ཟིན་ཐོ་གསར་པ་གཏོད་ཀྱི་ཡོད།