འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང་ཐོག་མ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་28ཉིན། 17:45】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 


     ཉིན་ཤས་གོང་། བོད་སོག་སློབ་གྲྭའི་གནས་ཡུལ་རྙིང་པ་གཞི་རྟེན་དུ་བྱས་ནས་བསྐྲུན་པའི་རྒྱལ་ཡོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང་ཐོག་མ་དེ་དངོས་སུ་སྒོ་ཕྱེ་བ་རེད།
     བོད་སོག་སློབ་གྲྭའི་གནས་ཡུལ་རྙིང་པ་དེ་པེ་ཅིང་གྲོང་ཁྱེར་ཞི་ཁྲེན་ཆུས་ཞའོ་ཧྲི་ཧུའུ་སྲང་ལམ་ཨང་33པར་གནས་ཤིང་། དེ་ནི་ལོ་ངོ་600ལྷག་ཙམ་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་ཤུལ་བཞག་གྲགས་ཅན་ཞིག་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་སྔ་དུས་ཀྱི་གཟི་བརྗིད་ལྡན་པའི་གསར་བརྗེའི་ལོ་རྒྱུས་ཐེག་པའི་ཤུལ་བཞག་གལ་ཆེན་ཞིག་ཀྱང་ཡིན། 2021ལོའི་ཟླ་9པར། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱིས་པེ་ཅིང་གྲོང་ཁྱེར་དང་མཉམ་ལས་བྱས་ཏེ། རྒྱལ་ཁབ་རིག་དངོས་ཅུས་ཀྱི་རྒྱབ་སྐྱོར་ཆེན་པོར་བརྟེན། གནས་ཡུལ་རྙིང་པ་སྲུང་སྐྱོང་ཞིག་གསོའི་ལས་གྲྭ་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ཏེ། “རྙིང་པ་ཇི་བཞིན་ཞིག་གསོ་བྱེད་པའི”རྩ་དོན་གཞིར་བཟུང་། དེའི་མ་གཞིའི་ལོ་རྒྱུས་ཀྱི་ཉམས་འགྱུར་སླར་གསོ་བྱས་པ་རེད། དེ་དང་ཆབས་ཅིག གནས་ཡུལ་རྙིང་པས་ཐེག་པའི་ཏང་གི་མི་རིགས་ལས་དོན་གྱི་ལོ་རྒྱུས་ལ་བརྟེན་ནས། “གཅིག་སེམས་གཅིག་མཐུན་གྱིས་ཀྲུང་ཧྭའི་ཕུགས་འདུན་སྒྲུབ། ཀྲུང་གོ་གུང་ཁྲན་ཏང་གི་མི་རིགས་ལས་དོན་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བགྲོད་ལམ་དང་རླབས་ཆེན་གྲུབ་འབྲས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”དང་། “བོད་སོག་སློབ་གྲྭའི་གནས་ཡུལ་རྙིང་པའི་ཆེད་དོན་འགྲེམས་སྟོན” ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཉམས་ལེན་རྣམ་གྲངས་ཇུས་འགོད་བྱས་ནས་བཏོན་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང་བསྐྲུན་པ་རེད།
     ཉེ་ཆར། མི་དམངས་དྲ་བའི་གསར་འགོད་པ་ཞའོ་ཧྲི་ཧུའུ་སྲང་ལམ་ཨང་33པར་བསྐྱོད་དེ། འདྲ་པར་རྙིང་པ་ནས་གསར་བརྗེའི་རིག་དངོས་བར་དང་། ཀུའེ་ཀྲོའུ་འཚེམ་དྲུབ་ནས་ཡུན་ནན་གྱི་ཚོས་རྒྱག་བར། བརྙན་མིག་ལ་བརྟེན་ནས་དྲ་གྲོགས་ཀྱི་སྣེ་ཁྲིད་དེ་ལོ་རྒྱུས་ཡུན་རིང་བ་དང་ཀྲུང་ཧྭའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་།