འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཨེ་ཤེ་ཡའི་རིག་གནས་ཤུལ་བཞག་སྲུང་སྐྱོང་མནའ་འབྲེལ་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་27ཉིན། 12:16】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤེ་ཡའི་རིག་གནས་ཤུལ་བཞག་སྲུང་སྐྱོང་མནའ་འབྲེལ་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
     ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་ནི་མིའི་རིགས་ཀྱི་ཤེས་དཔལ་འབྱུང་གནས་གལ་ཆེན་ཞིག་ཡིན་ཞིང་། རིག་གནས་ཤུལ་བཞག་འཛིན་སྐྱོང་དང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་ལས། འཛམ་གླིང་གི་ཤེས་དཔལ་འཕེལ་རྒྱས་ལོ་རྒྱུས་ལ་ཚོན་མདངས་རྣམ་པར་བཀྲ་བའི་ལེའུ་བརྩམས་ཡོད། 2019ལོར། ངས་ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་ཐོག་ཨེ་ཤེ་ཡའི་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱ་སྤྱོད་སྤེལ་རྒྱུའི་གྲོས་འགོ་བཏོན་པ་ཡིན། ལོ་4སོང་རིང་། ཕྱོགས་ཁག་གིས་དང་ལེན་ཧུར་ཐག་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་གནའ་བོའི་ཤེས་དཔལ་ཞིབ་འཇུག་དང་། མཉམ་འབྲེལ་གནའ་རྫས་རྟོག་ཞིབ། གནའ་ཤུལ་ཉམས་གསོ། རྟེན་རྫས་བཤམས་མཛོད་ཁང་སྤེལ་རེས་སོགས་ཀྱི་ཐད་དངོས་སྒྲུབ་མཉམ་ལས་བྱས་ནས་མིའི་རིགས་ཀྱི་ཤེས་དཔལ་ཉིང་བཅུད་སྲུང་སྐྱོང་བྱ་ཆེད་ཨེ་ཤེ་ཡའི་ལེགས་སྐྱེས་གསར་པ་ཕུལ་ཡོད་ཅེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་ཨེ་ཤེ་ཡའི་རིག་གནས་ཤུལ་བཞག་སྲུང་སྐྱོང་མནའ་འབྲེལ་བཙུགས་པ་དེས་ཨེ་ཤེ་ཡའི་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཨེ་ཤེ་ཡའི་ཤེས་དཔལ་སྤེལ་རེས་བྱེད་ཟབ་ཏུ་གཏོང་བ། འཛམ་གླིང་གི་ཤེས་དཔལ་མེ་ཏོག་སྣ་འཛོམས་ལྡུམ་ར་དར་རྒྱས་གཏོང་བ་བཅས་བྱས་ནས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་བར་ཕན་པ་ཡོད། ཀྲུང་གོས་མནའ་འབྲེལ་གྱི་སྒྲོམ་གཞིའི་འོག ཨེ་ཤེ་ཡའི་རྒྱལ་ཁབ་ཁག་དང་མཉམ་དུ་ལག་གདང་སྦྲེལ་ནས་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ཉམས་མྱོང་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་གནས་ཤུལ་བཞག་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། གོ་ལ་ཧྲིལ་པོའི་ཤེས་དཔལ་གླེང་མོལ་གྱི་མཉམ་ལས་དྲ་རྒྱ་སྐྲུན་པ། རྒྱལ་ཁབ་ཁག་གི་མི་དམངས་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     ཨེ་ཤེ་ཡའི་རིག་གནས་ཤུལ་བཞག་སྲུང་སྐྱོང་མནའ་འབྲེལ་ཚོགས་ཆེན་ནི་རིག་གནས་དང་ཡུལ་སྐོར་པུའུ་དང་། རྒྱལ་ཁབ་རིག་དངོས་ཅུས། ཧྲའན་ཤིས་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་། ཚེས་25ཉིན་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་དུ་འགོ་ཚུགས་པ་རེད།