འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གནམ་བདེ་སྒོ་མོའི་ཐང་ཆེན་དུ་མེ་ཏོག་སྣ་ཚོགས་བཞག་འདུག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་26ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།གནམ་བདེ་སྒོ་མོའི་ཐང་ཆེན་དུ་མེ་ཏོག་སྣ་ཚོགས་བཞག་འདུག
     2023ལོའི་ཟླ་4ཚེས་25ཉིན་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་གཞོགས་གཉིས་ཀྱི་སྤང་ཐོག་ལ་མེ་ཏོག་བཞག་ཡོད། “ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་བསུ་བ་ཞུ་བ་དང་། བཀྲ་ཤིས་འཆམ་མཐུན་གྱི་དུས་ཆེན་གྱི་རྣམ་པ་ཞིག་གཏོད་ཆེད། པེ་ཅིང་གིས་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་གཞོགས་གཉིས་སུ་སྨི་ངོས་གྲུ་བཞི་མ་9600ཡོད་པའི་བཀྲ་ཤིས་བདེ་ལེགས་མཚོན་པའི་མེ་ཏོག་སྟེགས་བུ་བཀོད་སྒྲིག་བྱས་ཤིང་། སྤྲིན་དཀར་གྱི་རི་མོ་དང་ལྕགས་རིའི་མཐའ་སྒྲོམ། ཟླུམ་གཟུགས་མེ་ཏོག་སོགས་བཀོད་སྒྲིག་བྱས་པ་བརྒྱུད། བཀྲ་ཤིས་བདེ་ལེགས་ཀྱི་མཚོན་དོན་མངོན་གསལ་དོད་པོས་མཚོན་ཡོད། ད་ཐེངས་ཀྱི་བཀོད་སྒྲིག་ལས་གྲྭར་ཐག་འཁྱུད་དང་། ལེ་བརྒན། ཨ་ཧྥེ་རི་ཁའི་གླང་སྣ། དུས་བཞིའི་མངར་འབྲས་སོགས་མེ་ཏོག་སྣ་ཁ་མང་པོ་སྤྱད་དེ་ཁྱོན་མེ་ཏོག་ཁྲི་28ལྷག་ཙམ་ཡོད།
【1】  【2】  【3】
༄༅།།གནམ་བདེ་སྒོ་མོའི་ཐང་ཆེན་དུ་མེ་ཏོག་སྣ་ཚོགས་བཞག་འདུག