འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཆེ་མོ་བས་ཕུལ་བའི་རྒྱལ་ཡིག་བཞེས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་26ཉིན། 12:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ཟླ་4ཚེས་24ཉིན་གྱི་ཕྱི་དྲོར། པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་70ཡིས་ཕུལ་བའི་རྒྱལ་ཡིག་བཞེས་ཤིང་། འདི་ནི་རྒྱལ་ཡིག་འབུལ་བའི་མཛད་སྒོ་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་གིས་པེ་ཅིང་ཚོམས་ཆེན་དུ་གཞུང་ཚབ་པ་ཚོར་མཉམ་སྡེབ་གསུང་བཤད་གནང་བཞིན་པ།
ཟླ་4ཚེས་24ཉིན་གྱི་ཕྱི་དྲོར། པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་70ཡིས་ཕུལ་བའི་རྒྱལ་ཡིག་བཞེས་ཤིང་། འདི་ནི་རྒྱལ་ཡིག་འབུལ་བའི་མཛད་སྒོ་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་གིས་པེ་ཅིང་ཚོམས་ཆེན་དུ་གཞུང་ཚབ་པ་ཚོར་མཉམ་སྡེབ་གསུང་བཤད་གནང་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་གྱི་ཕྱི་དྲོར། མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་70ཡིས་ཕུལ་བའི་རྒྱལ་ཡིག་བཞེས་པ་རེད།
     ཟླ་4པའི་པེ་ཅིང་དུ། དཔྱིད་རླུང་བསིལ་བསིལ་དུ་ལྡང་ཞིང་། གང་སར་གསོན་ཉམས་རབ་ཏུ་རྒྱས། སྦག་སྦག་རུ་ཁག་གི་སྲུང་སྐྱེལ་འོག གཞུང་ཚབ་པ་རྣམས་སྔ་རྗེས་སུ་མི་དམངས་ཚོགས་ཁང་ཆེ་མོའི་བྱང་སྒོར་འབྱོར། གུས་ལུགས་དམག་གཞོགས་གཡས་གཡོན་གཉིས་སུ་ཀྲོང་ངེར་ལངས་ཡོད་པ་དང་། དུང་བརྡ་གཏོང་མཁན་གྱིས་མགྲོན་བསུའི་དུང་བརྡ་བཏང་། གཞུང་ཚབ་པ་རྣམས་དར་སྦྲེང་རུ་སྟར་གྱི་དཀྱིལ་ནས་གཡང་ཊི་དཀར་པོའི་སྐས་ཀ་རེ་རེ་བཞིན་དུ་འཛེག་སྟེ་གོང་དུ་ཕེབས།
     《རི་ཀླུང་ཇི་འདྲའི་མཛེས་སྡུག་ལྡན》ཞེས་པའི་ལྡེབས་རིས་ཆེན་པོའི་མདུན་དུ་ཞི་ཅིན་ཕིང་གིས་ཁག་སོ་སོར་གཞུང་ཚབ་པ་ཚོས་ཕུལ་བའི་རྒྱལ་ཡིག་རེ་རེ་བཞིན་བཞེས་གནང་བ་མ་ཟད། ཁོང་ཚོ་དང་རེ་རེ་བྱས་ནས་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
     ཁོང་རྣམ་པ་ནི། ཀྲུང་གོར་བཅའ་སྡོད་མོང་གོལ་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེ་མོ་བ་པཱ་ཏེར་ལེ་དང་། ཀྲུང་གོར་བཅའ་སྡོད་ཀུའེ་ཡ་ནའི་གཞུང་ཚབ་ཆེ་མོ་བ་ཀྲོའུ་ཡཱ་ཤིན། ཀྲུང་གོར་བཅའ་སྡོད་པ་པ་ཏོ་སིའི་གཞུང་ཚབ་ཆེ་མོ་བ་ཧེང་ལི། ཀྲུང་གོར་བཅའ་སྡོད་སར་ཝ་ཏོལ་གྱི་གཞུང་ཚབ་ཆེ་མོ་བ་ཨར་ཝ་ལེ་སི། ཀྲུང་གོར་བཅའ་སྡོད་ཨོ་སི་ཁྲུ་ལི་ཡའི་གཞུང་ཚབ་ཆེ་མོ་བ་ལི་ཁེན། ཀྲུང་གོར་བཅའ་སྡོད་འཁྱགས་གླིང་གི་གཞུང་ཚབ་ཆེ་མོ་བ་དབྱི་ཕུའུ་ལེ། ཀྲུང་གོར་བཅའ་སྡོད་མོ་ཞི་ཁོའི་གཞུང་ཚབ་ཆེ་མོ་བ་ཧྲི་ཡཱ་ཏེ། ཀྲུང་གོར་བཅའ་སྡོད་ཧྥིན་ལན་གྱི་གཞུང་ཚབ་ཆེ་མོ་བ་མོང་ལན། ཀྲུང་གོར་བཅའ་སྡོད་མོ་རོ་ཁོའི་གཞུང་ཚབ་ཆེ་མོ་བ་མཱ་སི་སུང་། ཀྲུང་གོར་བཅའ་སྡོད་སེ་ཧྲེར་གྱི་གཞུང་ཚབ་ཆེ་མོ་བ་ལཱ་ཧྥུ་ཏི་ནཱ། ཀྲུང་གོར་བཅའ་སྡོད་ཀག་ནའི་གཞུང་ཚབ་ཆེ་མོ་བ་ཧ་མོང་ཏེ། ཀྲུང་གོར་བཅའ་སྡོད་པ་རེན་གྱི་གཞུང་ཚབ་ཆེ་མོ་བ་ཤེ་ཧུའུ། ཀྲུང་གོར་བཅའ་སྡོད་ཁོ་མོ་རོའི་གཞུང་ཚབ་ཆེ་མོ་བ་མའོ་ལ་ནཱ། ཀྲུང་གོར་བཅའ་སྡོད་ཐེ་རི་ནི་ཏ་དང་ཐོ་པ་ཀོའི་གཞུང་ཚབ་ཆེ་མོ་བ་ལིའུ་ནཱ། ཀྲུང་གོར་བཅའ་སྡོད་མ་ལ་ཝེའི་གཞུང་ཚབ་ཆེ་མོ་བ་ཆིན་ཐའེ་ཀྲ། ཀྲུང་གོར་བཅའ་སྡོད་ཨར་ཅི་རི་ཡའི་གཞུང་ཚབ་ཆེ་མོ་བ་ལཱ་པེ་ཤིས། ཀྲུང་གོར་བཅའ་སྡོད་སར་པི་ཡའི་གཞུང་ཚབ་ཆེ་མོ་བ་སི་ཐེ་ཧྥ་ནུའོ་ཝེ་ཆི། ཀྲུང་གོར་བཅའ་སྡོད་ཨུ་ཟ་བྷེ་ཁི་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་ཨར་ཅི་ཡེ་ཕུའུ། ཀྲུང་གོར་བཅའ་སྡོད་ཁོང་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེ་མོ་བ་པཱ་ལུའུ་མུའུ་ཨའེ་ནེ། ཀྲུང་གོར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེ་མོ་བ་པོ་ཨེན་སི། ཀྲུང་གོར་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་ཆེ་མོ་བ་ལུའོ་གོ་ཏུང་། ཀྲུང་གོར་བཅའ་སྡོད་ཁེ་རི་བ་སིའི་གཞུང་ཚབ་ཆེ་མོ་བ་ཏི་ཨ་པོ། ཀྲུང་གོར་བཅའ་སྡོད་ཡེ་མེན་གྱི་གཞུང་ཚབ་ཆེ་མོ་བ་མེ་ཐཱ་སྨི། ཀྲུང་གོར་བཅའ་སྡོད་ཧ་སག་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་ནུའུ་ལེ་ཧྲེ་ཕུའུ། ཀྲུང་གོར་བཅའ་སྡོད་ཝེ་ནེ་ཙུའེ་ལའི་གཞུང་ཚབ་ཆེ་མོ་བ་གཡོད་ཕུའུ་ལེ་ཏ། ཀྲུང་གོར་བཅའ་སྡོད་སི་རི་ཡའི་གཞུང་ཚབ་ཆེ་མོ་བ་ཧ་སང་ནེ། ཀྲུང་གོར་བཅའ་སྡོད་ནི་ཀྲེར་གྱི་གཞུང་ཚབ་ཆེ་མོ་བ་སའེ་ཉི། ཀྲུང་གོར་བཅའ་སྡོད་འཇར་མན་གྱི་གཞུང་ཚབ་ཆེ་མོ་བ་ཧྥུའུ་རུང་། ཀྲུང་གོར་བཅའ་སྡོད་ས་མོ་ཡའི་གཞུང་ཚབ་ཆེ་མོ་བ་མཱ་ལི་ནཱ། ཀྲུང་གོར་བཅའ་སྡོད་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཆེ་མོ་བ་ཧ་ལེ་པི། ཀྲུང་གོར་བཅའ་སྡོད་ཧན་གོའི་གཞུང་ཚབ་ཆེ་མོ་བ་ཀྲེན་ཙའེ་ཧའོ། ཀྲུང་གོར་བཅའ་སྡོད་ནེ་པ་ལའི་གཞུང་ཚབ་ཆེ་མོ་བ་ཧྲི་ལུའེ་སི་ཐཱ། ཀྲུང་གོར་བཅའ་སྡོད་སེ་ནེ་ཀལ་གྱི་གཞུང་ཚབ་ཆེ་མོ་བ་ཤིས་ལཱ། ཀྲུང་གོར་བཅའ་སྡོད་ཁོང་ཀོ(པུའུ)གཞུང་ཚབ་ཆེ་མོ་བ་ཉི་ཨང་ཅཱ། ཀྲུང་གོར་བཅའ་སྡོད་པར་ཙིར་གྱི་གཞུང་ཚབ་ཆེ་མོ་བ་ཀའོ་དབང་། ཀྲུང་གོར་བཅའ་སྡོད་ཝུ་ཀན་ཏའི་གཞུང་ཚབ་ཆེ་མོ་བ་ཝོ་ནེ་ཁཱ། ཀྲུང་གོར་བཅའ་སྡོད་ལྷོ་སུའུ་ཏན་གྱི་གཞུང་ཚབ་ཆེ་མོ་བ་མོང་ཏའེ། ཀྲུང་གོར་བཅའ་སྡོད་སེབ་རུ་སིའི་གཞུང་ཚབ་ཆེ་མོ་བ་མཱ་ཕུའུ་ལུའོ་མཱ་ཏི། ཀྲུང་གོར་བཅའ་སྡོད་ལེ་སོ་ཐོའི་གཞུང་ཚབ་ཆེ་མོ་བ་ལཱ་པཱ་ལའེ། ཀྲུང་གོར་བཅའ་སྡོད་སུའེ་ཙེར་གྱི་གཞུང་ཚབ་ཆེ་མོ་བ་པའེ་རུའེ་དབྱི། ཀྲུང་གོར་བཅའ་སྡོད་པ་ཧ་མའི་གཞུང་ཚབ་ཆེ་མོ་བ་པེ་སེར། ཀྲུང་གོར་བཅའ་སྡོད་ཨེ་སོ་ནི་ཡའི་གཞུང་ཚབ་ཆེ་མོ་བ་ཧན་ཧྲུའོ། ཀྲུང་གོར་བཅའ་སྡོད་ཨེ་ཅིབ་ཀྱི་གཞུང་ཚབ་ཆེ་མོ་བ་ཧ་ནའེ་ཧྥེ། ཀྲུང་གོར་བཅའ་སྡོད་སུའུ་ཏན་གྱི་གཞུང་ཚབ་ཆེ་མོ་བ་སཱ་ཏི་ཀེ ཀྲུང་གོར་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་ཆེ་མོ་བ་མོར་ཀུའུ་ལུའོ་ཧྥུའུ། ཀྲུང་གོར་བཅའ་སྡོད་ཁ་ན་ཏའི་གཞུང་ཚབ་ཆེ་མོ་བ་མའེ་ཆིང་ལིན། ཀྲུང་གོར་བཅའ་སྡོད་ཕོར་ཐིའུ་ཀལ་གྱི་གཞུང་ཚབ་ཆེ་མོ་བ་ནཱ་ཤིས་མོན་ཐའོ། ཀྲུང་གོར་བཅའ་སྡོད་པོ་ཚི་ཝ་ནའི་གཞུང་ཚབ་ཆེ་མོ་བ་སི་ལེ་མཱ། ཀྲུང་གོར་བཅའ་སྡོད་བྷང་ག་ལའི་གཞུང་ཚབ་ཆེ་མོ་བ་ཝུའུ་ཏིང་། ཀྲུང་གོར་བཅའ་སྡོད་ཁེར་གྷི་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་མོ་སཱ་ཡེ་ཝ། ཀྲུང་གོར་བཅའ་སྡོད་སི་ལོ་ཝ་ཁེ་ཡའི་གཞུང་ཚབ་ཆེ་མོ་བ་ལི་ཀྲ་ཁེ། ཀྲུང་གོར་བཅའ་སྡོད་ནེའུ་ཙི་ལན་གྱི་གཞུང་ཚབ་ཆེ་མོ་བ་མའོ་རུའེ། ཀྲུང་གོར་བཅའ་སྡོད་འབར་མའི་གཞུང་ཚབ་ཆེ་མོ་བ་ཏིང་མའོ་རུའེ། ཀྲུང་གོར་བཅའ་སྡོད་ཀེ་རི་སེའི་གཞུང་ཚབ་ཆེ་མོ་བ་ཁར་ཕེ་ལི་སི། ཀྲུང་གོར་བཅའ་སྡོད་ཝེར་ཏེ་གླིང་ཟུར་གྱི་གཞུང་ཚབ་ཆེ་མོ་བ་ཏའོ་ལུའོ་སཱ་ལི་ཨོ། ཀྲུང་གོར་བཅའ་སྡོད་ཀི་ནེ་ཡའི་གཞུང་ཚབ་ཆེ་མོ་བ་ཁོ་དབྱེ་ཐཱ། ཀྲུང་གོར་བཅའ་སྡོད་མར་ཐའི་གཞུང་ཚབ་ཆེ་མོ་བ་པའེ་ཧའོ་ཤོན། ཀྲུང་གོར་བཅའ་སྡོད་ཆི་ལིའི་གཞུང་ཚབ་ཆེ་མོ་བ་ཝུར་ཐཱ་ཏའོ། ཀྲུང་གོར་བཅའ་སྡོད་སུའུ་རི་ནམ་གྱི་གཞུང་ཚབ་ཆེ་མོ་བ་ཀྲང་པི་ཧྥུན། ཀྲུང་གོར་བཅའ་སྡོད་ཧྥི་ལི་ཕིན་གྱི་གཞུང་ཚབ་ཆེ་མོ་བ་ཅི་སྨི། ཀྲུང་གོར་བཅའ་སྡོད་ཁོ་ལོམ་པི་ཡའི་གཞུང་ཚབ་ཆེ་མོ་བ་ཁཱ་ཧྥུ་ལེ་ལཱ། ཀྲུང་གོར་བཅའ་སྡོད་ཨེ་ཙེ་ཨོ་པི་ཡའི་གཞུང་ཚབ་ཆེ་མོ་བ་ཐཱ་ཧྥེ་ལཱ། ཀྲུང་གོར་བཅའ་སྡོད་ཧྥ་རན་སེའི་གཞུང་ཚབ་ཆེ་མོ་བ་པའེ་ཡུས་ཐང་། ཀྲུང་གོར་བཅའ་སྡོད་ཕེ་རུའི་གཞུང་ཚབ་ཆེ་མོ་བ་པཱ་ལཱ་ལེ་སོ། ཀྲུང་གོར་བཅའ་སྡོད་ཐུར་ཁེའི་གཞུང་ཚབ་ཆེ་མོ་བ་མོ་སཱ། ཀྲུང་གོར་བཅའ་སྡོད་ཝ་ནུ་ཨ་ཐུའི་གཞུང་ཚབ་ཆེ་མོ་བ་ལའེ་གཡོད་དབྱང་། ཀྲུང་གོར་བཅའ་སྡོད་པུ་རུན་ཏིའི་གཞུང་ཚབ་ཆེ་མོ་བ་དབྱི་ལཱ་མོ་པའོ་ནཱ། ཀྲུང་གོར་བཅའ་སྡོད་ཆ་ཏེའི་གཞུང་ཚབ་ཆེ་མོ་བ་ཧ་ལི་ནཱ། ཀྲུང་གོར་བཅའ་སྡོད་སན་མ་རི་ནོའི་གཞུང་ཚབ་ཆེ་མོ་བ་ཅཱ་ལཱ་ཤིས། ཀྲུང་གོར་བཅའ་སྡོད་ཡོ་རོབ་མནའ་འབྲེལ་གྱི་འཐུས་མི་ཚོགས་པའི་ཚོགས་གཙོ་ཐུའོ་ཡའོ་ཧུའེ་བཅས་རེད། ཞི་ཅིན་ཕིང་གིས་ད་དུང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་ཀྲང་མིང་ལ་མཇལ་འཕྲད་གནང་བ་རེད།
     རྒྱལ་ཡིག་འབུལ་བའི་མཛད་སྒོ་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་གིས་པེ་ཅིང་ཚོམས་ཆེན་དུ་གཞུང་ཚབ་པ་ཚོར་མཉམ་སྡེབ་གསུང་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་གཞུང་ཚབ་པ་ཚོས་རང་སོ་སོའི་རྒྱལ་ཁབ་དང་། རྩ་འཛུགས་ཀྱི་འགོ་ཁྲིད། མི་དམངས་བཅས་ལ་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞེས་ཞུས་རྗེས། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་རྒྱལ་ཁབ་ཁག་གི་མི་དམངས་དང་མཛའ་གྲོགས་བརྩེ་སེམས་ཟབ་ཏུ་གཏོང་བ་དང་གཉིས་ཕན་མཉམ་ལས་རྒྱ་ཆེར་བཏང་ནས་ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། གཞུང་ཚབ་པ་ཚོས་ཕྱོགས་ཡོངས་དང་གཏིང་ཟབ་པའི་སྒོ་ནས་ཀྲུང་གོ་ཤེས་རྟོགས་བྱས་ཏེ་མཛའ་གྲོགས་ཀྱི་ཕོ་ཉ་དང་མཉམ་ལས་ཀྱི་འབྲེལ་ཟམ་ཞིག་བྱེད་རྒྱུའི་རེ་བ་ཡོད། ཀྲུང་གོ་སྲིད་གཞུང་གིས་གཞུང་ཚབ་པ་ཚོས་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་དང་སྟབས་བདེ་བསྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འདས་ཟིན་པའི་ལོ་གསུམ་རིང་ཀྲུང་གོས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ཏེ་སྤྱིར་བཏང་གཏན་ནས་མིན་པའི་རིམས་འགོག་གི་ལོ་རྒྱུས་ལམ་བུ་བརྒྱུད་ཡོད། བརྒྱུད་རིམ་དེའི་ནང་ཀྲུང་གོར་རྒྱལ་ཁབ་དང་མི་དམངས་མང་པོའི་ལྷག་བསམ་ཟོལ་མེད་ཀྱི་རོགས་རམ་ཐོབ་པ་མ་ཟད། ང་ཚོས་ཀྱང་བྱ་སྤྱོད་དངོས་ཀྱི་ཐོག་ནས་གོ་ལ་ཧྲིལ་པོའི་རིམས་འགོག་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་ཁག་དང་མཉམ་དུ་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལག་ལེན་བསྟར་ནས་ཕན་ཚུན་ལྟ་སྐྱོང་དང་ལས་དབང་གཅིག་མཐུན་གྱི་འབྲེལ་ཐག་དམ་དུ་བཏང་ཡོད། ཀྲུང་གོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་བསྐྱོད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་དང་། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས། གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བཅས་བྱས་ཏེ་རང་ངོས་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ལ་གོ་སྐབས་དེ་བས་མང་བ་གཏོད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ། རྒྱལ་ཁབ་ཁག་གི་མི་དམངས་ཕན་ཚུན་ཤེས་རྟོགས་དང་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་སྣ་ཚོགས་ལ་མཉམ་དུ་ཁ་གཏད་གཅོག་པ་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ཁ་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་འདོད་ཡོད།