འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གདོང་ཐུག་འདིའི་ཁྲོད་མི་420རྐྱེན་ལམ་དུ་ཤོར་ཡོད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་24ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་23ཉིན་གྱི་དགོང་མོར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གསལ་བསྒྲགས་སྤེལ་ནས། མིག་སྔའི་བར་སུའུ་ཏན་གྱི་དྲག་ཆས་གདོང་ཐུག་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་420བར་མང་དུ་ཕྱིན་པ་དང་། རྨས་མ་3700བར་མང་དུ་ཕྱིན་ཡོད་ཅེས་བཤད་པ་རེད།
     གསལ་བསྒྲགས་ནང་ད་དུང་སུའུ་ཏན་གྱི་གནམ་ཐང་དུ་སྐྱེལ་འདྲེན་བྱེད་མཚམས་བཞག་པས། མིག་སྔར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སུའུ་ཏན་ལ་སྨན་བཅོས་དངོས་རྫས་དེ་བས་མང་བ་སྐྱེལ་འདྲེན་བྱེད་ཐབས་བྲལ་ཡོད་ཅེས་ནན་བཤད་བྱས་པ་རེད།