འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གཟི་ཚ་སྡེ་དགུའི་རི་མེ་བསད་པ་དང་འདབ་པ་སོགས་ཀྱི་རི་མེ་གསོད་པའི་སྒང་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་23ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གཟི་ཚ་སྡེ་དགུའི་རི་མེ་བསད་པ་དང་འདབ་པ་སོགས་ཀྱི་རི་མེ་གསོད་པའི་སྒང་རེད།
   ཉེ་ཆར། བསྟུད་མར་དྲོད་ཚད་མཐོ་བའི་དབང་གིས། སི་ཁྲོན་ས་ཁོངས་སུ་ནགས་ཚལ་མེ་སྐྱོན་ཐེངས་མང་བྱུང་ཡོད་པ་རེད། གསར་འགོད་པས་སི་ཁྲོན་ཞིང་ཆེན་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་སི་ཁྲོན་གཟི་ཚ་སྡེ་དགུའི་ནགས་ཚལ་མེ་སྐྱོན་སེལ་བ་དང་། འདབ་པ་དང་ཡན་ཡོན་གྱི་མེ་སྐྱོན་ཐེབས་ས་གཉིས་ལ་ནུས་ཤུགས་ཡོད་རྒུས་མེ་གསོད་བཞིན་ཡོད་པ་རེད།
   ཟླ་4ཚེས་19ཉིན། གཟི་ཚ་སྡེ་དགུ་རྫོང་ཧེ་ཧོ་གྲོང་རྡལ་ཆའང་ཧོ་ཀུའོ་གྲོང་ཚོའི་ནགས་ཚལ་མེ་སྐྱོན་བྱུང་ཞིང་། སི་ཁྲོན་ནགས་ཚལ་མེ་ཟོན་བཀོད་འཐབ་པ་ཚོས་ནུས་ཤུགས་ཡོད་རྒུས་མེ་བསད་པར་བརྟེན། ཚེས་21ཉིན་གྱི་ཕྱི་དྲོ་ལྟ་སྲུང་དུས་མཚམས་སུ་སླེབས་ཡོད་པ་རེད། མེ་སྐྱོན་ཐོན་སའི་ས་དབྱིབས་ནི་ས་བབ་འབྲིང་ཁུལ་གྱི་གྲོག་རོང་བདེ་ཐང་ཡིན་པ་དང་། མེ་མཆེད་ས་དེ་གཡང་གཟར་ཁུལ་དུ་ཡོད་པས། མི་སྣ་ཐད་ཀར་འགྲོ་མི་ཐུབ་ཅིང་། ཡུལ་དངོས་ཀྱི་མེ་ཟོན་རོགས་སྐྱོབ་མི་སྣས་གནས་ཚུལ་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་རྗེས། མི་མེད་གནམ་གྲུས་མེ་གསོད་རྒྱུ་དང་ཕྱོགས་མང་མེ་གསོད་སྟོབས་ཤུགས་ཀྱིས་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་པར་བརྟེན་མེ་བསད་པ་རེད།
   ཟླ་4ཚེས་18ཉིན། དཀར་མཛེས་འདབ་པ་རྫོང་ག་ཆ་ཤང་པའེ་ཧོ་གྲོང་ཚོར་ནགས་ཚལ་གྱི་མེ་སྐྱོན་བྱུང་ཞིང་། མེ་སྐྱོན་ཐོན་རྗེས་སི་ཁྲོན་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་འཕྲལ་མར་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་ནས། མེ་ཟོན་བཀོད་འདོམས་པ་དང་འཐབ་འཛིང་པ་257སྐོང་བསྡུ་བྱས་ཏེ་རོགས་སྐྱོབ་ནང་ཞུགས་པ་རེད།
   ཟླ་4ཚེས་22ཉིན། སི་ཁྲོན་ཞིང་ཆེན་ལིའང་ཧྲན་ཁུལ་ཡན་ཡོན་རྫོང་དུ་ནགས་ཚལ་མེ་སྐྱོན་བྱུང་ནས། སི་ཁྲོན་ཞིང་ཆེན་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་འཕྲལ་མར་མེ་ཟོན་བཀོད་འཐབ་པ་230སྐོང་བསྡུ་བྱས་ནས་ཡུལ་དངོས་སུ་བསྐྱོད་པ་རེད།
【1】  【2】
༄༅།།གཟི་ཚ་སྡེ་དགུའི་རི་མེ་བསད་པ་དང་འདབ་པ་སོགས་ཀྱི་རི་མེ་གསོད་པའི་སྒང་རེད།