འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཏུན་ཧོང་གི“གྲངས་འཛིན་གཙུག་ལག་བྲག་ཕུག”དྲ་ཐོག་ནས་སྤྱོད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་20ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ཏུན་ཧོང་ནས་གློག་འཕྲིན་འབྱོར་གསལ། ཏུན་ཧོང་རིག་པའི་ཞིབ་འཇུག་འབྲས་བུ་དང་རོལ་རྩེད་ཚན་རྩལ་ཟུང་འབྲེལ་བྱས་པའི“གྲངས་འཛིན་གཙུག་ལག་བྲག་ཕུག”ཚེས་18ཉིན་དྲ་ཐོག་ནས་དངོས་སུ་སྤྱོད་འགོ་ཚུགས་པ་རེད།
     ཏུན་ཧོང་གཙུག་ལག་བྲག་ཕུག་ནི་དུས་རབས་ཉི་ཤུ་པའི་གནའ་དཔྱད་གསར་རྙེད་གལ་ཆེ་ཤོས་ཀྱི་གྲས་ཤིག་རེད་ལ། སྔོན་ཆད་དེ་ག་ནས་དུས་རབས་བཞི་པ་ནས་བཅུ་གཅིག་བར་གྱི་རིག་དངོས་ཁྲི་ཕྲག་ཁ་ཤས་ཐོན་ཡོད། རྒྱལ་སྤྱིའི་རིག་པ་གྲགས་ཅན་ཞེས་འབོད་པའི་ཏུན་ཧོང་རིག་པ་ནི་གཙུག་ལག་བྲག་ཕུག་ནས་ཐོན་པའི་རིག་དངོས་ཀྱིས་ཞིབ་འཇུག་དཔྱད་གཞི་གཙོ་བོར་བྱས་པ་ཞིག་རེད།
     ཏུན་ཧོང་ཞིབ་འཇུག་ཁང་གི་ཡོན་ཀྲང་སུའུ་པོ་མིང་གིས། རིག་དངོས་དང་ཚན་རྩལ་མཉམ་འདྲེས་བྱུང་བ་ལས་གཙུག་ལག་བྲག་ཕུག་སླར་ཡང་མངོན་ཐུབ་ཡོད། གོམ་སྟབས་རྗེས་མར། ཏུན་ཧོང་ཞིབ་འཇུག་ཁང་གིས་རིག་དངོས་འགྲེམས་སྟོན་དང་ཉམས་སུ་མྱོང་སྟངས་གསར་པ་མུ་མཐུད་འཚོལ་ཞིབ་བྱས་ནས། ཏུན་ཧོང་རིག་གནས་གསར་གཏོད་ཀྱི་རང་བཞིན་ལྡན་པའི་ཕྱོགས་སྒྱུར་དང་གསར་གཏོད་ཀྱི་རང་བཞིན་ལྡན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
     “གྲངས་འཛིན་གཙུག་ལག་བྲག་ཕུག”ནི་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་མཛུབ་ཁྲིད་དང་ཏུན་ཧོང་ཞིབ་འཇུག་ཁང་དང་ཐེང་ཤུན་གྱིས་མཉམ་དུ་བཏོད་པ་ཞིག་རེད།