འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལོ་13རིང་བཙོན་དུ་འཇུག་རྒྱུའི་ཁྲིམས་ཆད་བཅད་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་19ཉིན། 16:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལོ་13རིང་བཙོན་དུ་འཇུག་རྒྱུའི་ཁྲིམས་ཆད་བཅད་འདུག
   ཟླ་4ཚེས་18ཉིན། ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱི་དེ་སྔའི་དམག་སྤྱི་གཞོན་པ་དང་། ཏང་ཨུའི་དེ་སྔའི་རྒྱུན་ཨུ། སྲིད་ཁྲིམས་ཨུ་ལྷན་གྱི་དེ་སྔའི་ཧྲུའུ་ཅི་བཅས་གནང་མྱོང་མཁན་དབྱང་ཧྥུ་ལིན་གྱིས་ལྐོག་རྔན་བླངས་པའི་གྱོད་དོན་ཡོངས་བསྒྲགས་ངང་དཔྱད་མཚམས་བཏང་། ཞུ་སྦྱོར་ཕྱི་མ་བ་དབྱང་ཧྥུ་ལིན་ལ་ལྐོག་རྔན་བླངས་པའི་བྱས་ཉེས་བསགས་པའི་མིང་ཐོག་ནས་དུས་བཙོན་ལོ་བཅུ་གསུམ་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་མི་དམངས་ཤོག་སྒོར་ས་ཡ་གསུམ་ཆབས་སྦྲགས་སུ་གཅོད་རྒྱུ། དབྱང་ཧྥུ་ལིན་གྱིས་རྒྱུ་རྔན་ཟ་ལེན་བྱས་པའི་བྱས་ཉེས་བསགས་པ་ལས་བྱུང་བའི་ཐོབ་ཆ་དང་དེའི་འཕེལ་སྐྱེད་ཁྲིམས་ལྟར་བདའ་འདེད་བཏང་ནས་རྒྱལ་མཛོད་དུ་འབུལ་རྒྱུ་རེད། 
   འདྲི་ཞིབ་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2001ལོ་ནས་2020ལོའི་བར། ཞུ་སྦྱོར་ཕྱི་མ་བ་དབྱང་ཧྥུ་ལིན་གྱིས་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱི་ཞིང་ལས་ཧྲི་ཤོག་དྲུག་པའི་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ཧྲི་དཔོན་གཞོན་པ། དཔུང་ཚོགས་ཀྱི་ཞིང་ལས་ཧྲི་ཤོག་བཅུ་བཞི་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། ཆབ་སྲིད་ཨུ་ལྷན། ཧྲི་ཤོག་གསུམ་པའི་ཏང་ཨུད་ཀྱི་ཨུ་ཡོན། ཐུའུ་མུའུ་ཧྲུའུ་ཁེ་གྲོང་ཨུད་ཀྱི་ཧྲུའུ་ཅི། དཔུང་ཚོགས་ཀྱི་དྲག་ཇུས་དཔོན་གཞོན་པ། ཏང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་སོགས་ཀྱི་ལས་གནས་ཀྱི་སྟབས་བདེར་བརྟེན་ནས། འབྲེལ་ཡོད་ཚན་པ་དང་སྒེར་པར་ལས་གྲྭའི་རྣམ་གྲངས་སྒྲུབ་འགན་ལེན་རོགས་དང་། གོ་གནས་སྤར་ཐབས། གྱོད་དོན་ཐག་གཅོད་སོགས་ཀྱི་ལས་དོན་ཐད་རོགས་རམ་བྱེད་རོགས་བྱས་ཏེ་ཁྲིམས་དང་འགལ་ཏེ་གཞན་གྱི་རྒྱུ་དངོས་ཐད་ཀར་བླངས་པའམ་ཡང་ན་རང་གི་གཉེན་ཉེ་བརྒྱུད་དེ་བླངས་པ་མི་དམངས་ཤོག་སྒོར་ལ་ཕབ་ན་ཁྱོན་བསྡོམས་སྒོར་ཁྲི་3049ལྷག་ཟིན་ཡོད། 
   ཅི་ནན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་བ་དབྱང་ཧྥུ་ལིན་གྱི་བྱ་སྤྱོད་དེ་ལྐོག་རྔན་བླངས་པའི་བྱས་ཉེས་སུ་གྲུབ་ཡོད་པས་ལྐོག་རྔན་བླངས་པའི་གྲངས་འབོར་ཧ་ཅང་ཆེན་པོ་ཡིན་པའི་ངོས་འཛིན་བྱས་ཡོད། དབྱང་ཧྥུ་ལིན་ཁྲིམས་སར་འོངས་ནས་ནག་ཉེས་ཇི་བཞིན་ངོས་ལེན་ཞུས་ཏེ། གྱོད་གཞི་ཐག་གཅོད་ལས་ཁུངས་ཀྱིས་མ་ཤེས་པའི་རྒྱུ་རྔན་བླངས་པའི་དངོས་དོན་མང་ཆེ་བ་རང་འགུལ་ངང་ངོས་ལེན་ཞུས་ཤིང་། ནག་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་པ་དང་། ཁྲིམས་འགལ་གྱི་ཐོབ་ཆ་ཕྱིར་སློག་ཧུར་ཐག་བྱས་པ། ལྐོག་རྔན་བླངས་པའི་དངུལ་དང་དངོས་རིགས་ཚང་མ་ཕྱིར་སློག་བྱས་ཟིན་པས། ཁྲིམས་བཀོད་དང་བབ་བསྟུན་ངང་ཉེས་ཆད་ཡང་དུ་བཏང་ཆོག་པའི་གནས་ཚུལ་ལ་གཞིགས་ནས། ཁྲིམས་ཆད་ཡང་མོ་བཅད་ཆོག་པ་ལྟར། ཁྲིམས་ཁང་གིས་གོང་གསལ་ལྟར་ཁྲིམས་ཆད་བཅད་པ་རེད།