༄༅།།ཡུག་རེན་གྱི་གནད་དོན་ཐད་ཨ་རིས་ཨུ་ཚུགས་བྱེད་མི་རུང་།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 04ཚེས་19ཉིན། 16:08】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
གསར་འགོད་པས་དྲིས་དོན། གནས་འཕྲིན་སྤེལ་བར་གཞིགས་ན། པར་ཙིར་གྱི་ཙུང་ཐུང་ལུའུ་ལ་ཡིས་ཀྲུང་གོར་འཚམས་འདྲི་བྱེད་རིང་། ཡུག་རེན་གྱི་ཉམས་ཉེན་ཐད་ཀྱི་ལྟ་སྟངས་གླེང་སྐབས་ཨ་རིས་ཡུག་རེན་དུ་དམག་འཁྲུག་ལ་སྐུལ་སློང་བྱེད་མཚམས་འཇོག་དགོས་པ་མ་ཟད། ཞི་བདེ་གླེང་འགོ་འཛུགས་དགོས་ཞེས་བརྗོད་པ་རེད། དེའི་ཐད་ཚེས་17ཉིན། ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱི་འཐབ་ཇུས་འབྲེལ་གཏུག་མཐུན་སྦྱོར་པ་ཁོ་པི་ཡིས་པར་ཙིར་གྱིས་ནེ་ཙོ་བཞིན་ཨུ་རུ་སུ་དང་ཀྲུང་གོའི་དྲིལ་བསྒྲགས་ལ་ལད་མོ་བྱེད་པ་ལས་དོན་དངོས་ལ་བསམ་བློ་གཏན་ནས་བཏང་མེད་ཅེས་བཤད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལ་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
“ཉེ་ཆར་སྐུ་ཞབས་ཁོ་པི་ཡིས་ཨུ་རུ་སུ་དང་ཡུག་རེན་གྱིས་དམག་མཚམས་འཇོག་རྒྱུར་རེ་འབོད་བྱས་པ་ཚང་མ་དང་ལེན་བྱེད་ཐབས་བྲལ་བ་ཞིག་ཡིན་ཞེས་བཤད་པའང་ངས་དོ་སྣང་བྱུང་། འོན་ཀྱང་། རྒྱལ་ཁབ་སྔར་བས་མང་བས་དམག་མཚམས་འཇོག་རྒྱུའི་རེ་འབོད་བྱས་ནས་ཡུག་རེན་གྱི་ཉམས་ཉེན་སྔ་ཙམ་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་ཐུབ་རྒྱུར་སྐུལ་འདེད་གཏོང་གི་ཡོད” ཝང་ཝུན་པིན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱུན་ཆད་མེད་པར་ཞི་བདེའི་འབོད་སྐུལ་བཏང་བར་དམིགས་ཏེ། ཨ་རི་ཕྱོགས་ཀྱིས་འཕེལ་ཕྱོགས་དང་བསྟུན་ནས་ཉམས་ཉེན་དེ་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་པ་ལས། རང་ཤེད་ཨུ་ཚུགས་སྒོས་རྒྱུན་ཆད་མེད་པར་མེ་ཐོག་ཏུ་སྣུམ་བླུགས་མི་རུང་ཞེས་བརྗོད།
