འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཁྲེང་ཏུའུ་ཡིས་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་འདོམས་ཚད་གཞི་ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་18ཉིན། 12:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་4ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། གསར་འགོད་པས་ཁྲེང་ཏུའུ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱས་པར། ཅུས་དེས《ཁྲེང་ཏུའུ་གྲོང་ཁྱེར་གྱི་སྨན་བཅོས་འགན་བཅོལ་ཐེབས་རྩའི་སྲིད་འཛིན་ཞིབ་བཤེར་དང་ཁུངས་སྣེ་ཐག་གཅོད་ཀྱི་གཙོ་གནད་བརྒྱུད་རིམ་གྱི་ལས་ཀའི་ཚད་གཞི(ཚོད་ལྟའི་ལག་བསྟར)》ཡོངས་བསྒྲགས་བྱས་ནས་ལྟ་འདོམས་ལམ་སྲོལ་གསར་གཏོད་བྱས་ཏེ་མང་ཚོགས་ཀྱི་སྨན་བཅོས་དངུལ་ལ་སྲུང་སྐྱོང་བྱས་པ་རེད།
     ཁྲེང་ཏུའུ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། དེ་ནི་ཁྲེང་ཏུའུ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་ལྟ་འདོམས་གཞུང་དྲང་དང་། ལྟ་འདོམས་ལས་ཕྱོད། ལྟ་འདོམས་སྤྱོད་གཙང་བཅས་ལ་དམིགས་ཏེ་འཚོལ་ཞིབ་བྱས་པའི་དོན་དངོས་དང་མཐུན་པའི་ལས་ཀའི་བརྒྱུད་རིམ་གྱི་ཚད་གཞི་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཐེབས་རྩའི་ལྟ་འདོམས་ཀྱི་ལས་ཀའི་ཕན་ནུས་ཆེ་རུ་བཏང་ནས་སྨན་བཅོས་འགན་བཅོལ་གྱི་བཅོས་སྐྱོང་དེང་རབས་ཅན་གྱི་གསར་གཏོད་ལ་སྐུལ་འདེད་གཏོང་ཆེད་རེད་ཅེས་ངོ་སྤྲོད་བྱས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ལྟ་འདོམས་བྱེད་ཐབས་འདི་དེ་གོང་ཁྲེང་ཏུའུ་གྲོང་ཁྱེར་ཆིང་དབྱང་ཆུས་སུ་ཚོད་ལྟ་བྱས་པ་རེད། ཚོད་ལྟའི་ལས་དོན་སྤེལ་བ་བརྒྱུད་མིག་སྔའི་བར་ལྷན་འཛོམས་འདྲི་གཅོད་ལམ་སྲོལ་སྤྱད་དེ་གྱོད་གཞི་136སྒྲུབ་གཉེར་བྱས་པ་མ་ཟད། སྒྲིག་འགལ་དངུལ་འབོར་སྒོར་ཁྲི་443.58འདེད་ལེན་བྱས་ནས་སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་ཀྱི་མཐའ་ཚད་དེ་བས་བརྟན་དུ་བཏང་བ་རེད།