འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།2022ལོའི་དབུས་ནུབ་ས་ཁུལ་རྫོང་ཁོངས་ཀྱི་གྲོང་གསེབ་རྐང་རྩེད་སྤོ་ལོའི་བྱེད་སྒོ་རབ་དང་རིམ་པར་མི་ཁྲི་10ཙམ་ཞུགས་ཡོད།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་14ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཚོགས་སྤྱི་སི་དང་ཀྲུང་གོ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་མཛུབ་ཁྲིད་དང་ཀྲུང་གོ་རྐང་རྩེད་སྤོ་ལོ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་2022ལོའི“དམངས་ཡོངས་ཀྱི་ལུས་སྦྱོང་། བདེ་ཐང་གི་ཀྲུང་གོ”དབུས་ནུབ་ས་ཁུལ་རྫོང་ཁོངས་ཀྱི་གྲོང་གསེབ་རྐང་རྩེད་སྤོ་ལོའི་བྱེད་སྒོ་རབ་དང་རིམ་པའི་ཕྱོགས་སྡོམ་ཚོགས་འདུ་ཚེས་8ཉིན་ཁུན་མིང་དུ་འཚོགས་ཤིང་། ད་ཐེངས་ཀྱི་བྱེད་སྒོར་ཁྱོན་འགྲན་བསྡུར་ཐེངས་ཁྲི་1.6ལྷག་ཙམ་བྱས་པ་དང་ཐད་ཀར་ཞུགས་མཁན་མི་ཁྲི་10ཙམ་ཟིན་ཡོད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། དབུས་ནུབ་ས་ཁུལ་གྱི་གཞི་རིམ་མང་ཚོགས་ཀྱིས་རྐང་རྩེད་སྤོ་ལོའི་བྱེད་སྒོ་སྤེལ་བའི་བསམ་འདུན་བསྐང་ཆེད། 2022ལོའི་དབུས་ནུབ་ས་ཁུལ་གྱི་རྫོང་ཁོངས་ཀྱི་གྲོང་གསེབ་རྐང་རྩེད་སྤོ་ལོའི་བྱེད་སྒོ་རབ་དང་རིམ་པ་2022ལོའི་ཟླ་10པ་ནས་2023ལོའི་ཟླ་2པའི་བར་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་17དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་སུ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོར་རྒྱུན་གཏན་གྱི་འགྲན་བསྡུར་བྱེད་སྒོ་སྤེལ་བ་མ་ཟད། ད་དུང་གངས་ཁྲོད་རྐང་རྩེད་སྤོ་ལོ་དང་། བྱེ་ཐང་རྐང་རྩེད་སྤོ་ལོ། སྤྲོ་སྣང་ལྡན་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སོགས་ཁྱད་ལྡན་བྱེད་སྒོ་ཡང་སྤེལ་བ་རེད། བུད་མེད་རྐང་རྩེད་སྤོ་ལོའི་ལུས་རྩལ་ལ་ཞུགས་པར་སྐུལ་མ་གཏོང་ཆེད། བྱེད་སྒོར་ད་དུང་བུད་མེད་ཚོགས་ཆུང་དང་ཕོ་མོ་མཉམ་བསྲེས་ཚོགས་ཆུང་དམིགས་སུ་བཀར་ནས་བཙུགས་ཡོད་པ་རེད།
     བསྡོམས་རྩིས་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དབུས་ནུབ་ས་ཁུལ་གྱི་རྫོང་ཁོངས་394ལ་ཁྱབ་པ་དང་། རྫོང་ཁོངས་46ནས་ཤང་དང་གྲོང་ཚོ་146ལ་སྣུར་སྲིང་བྱས་ནས་བྱེད་སྒོ་སྤེལ་ཡོད་པ་རེད།
     ཀྲུང་གོ་རྐང་རྩེད་སྤོ་ལོ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས། རྐང་རྩེད་སྤོ་ལོ་འཕེལ་རྒྱས་གཏོང་བར་དང་ཐོག་རྐང་རྩེད་སྤོ་ལོས་སུ་ལ་ཞབས་འདེགས་ཞུ་བའི་རྩ་བའི་གནད་དོན་འདིར་ལན་འདེབས་དགོས། ངེས་པར་དུ་མི་དམངས་ཀྱི་བློ་ལ་བབས་པའི་རྐང་རྩེད་སྤོ་ལོའི་བྱ་གཞག་བསྒྲུབས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་རྐང་རྩེད་སྤོ་ལོའི་བྱེད་སྒོར་ཧུར་ཐག་ཞུགས་སུ་འཇུག་པ་དང་གཞི་རིམ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་སྐོང་དགོས་ཞེས་བརྗོད་པ་རེད།