འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་ལ་གཟིགས་ཞིབ་གནང་སྐབས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་14ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ཟླ་4ཚེས་11ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་ལ་གཟིགས་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་གི་འབྲེལ་ཡོད་ལས་དོན་སྙན་སེང་གསན་རྗེས་གསུང་བཤད་གལ་ཆེན་གནང་བ།
ཟླ་4ཚེས་11ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་ལ་གཟིགས་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་གི་འབྲེལ་ཡོད་ལས་དོན་སྙན་སེང་གསན་རྗེས་གསུང་བཤད་གལ་ཆེན་གནང་བ།
     ཞི་ཅིན་ཕིང་གིས་ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་ལ་གཟིགས་ཞིབ་གནང་སྐབས་ནན་བཤད་གནང་དོན། དམག་སྦྱོང་དམག་གྲབས་གཏིང་ཟབ་དང་ཕྱོགས་སྒྱུར་འཛུགས་སྐྲུན་མགྱོགས་སུ་བཏང་ནས་དཔུང་སྡེའི་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།
     ཤིན་ཧྭ་གསར་འགྱུར་ཁང་ཀྲེན་ཅང་ནས་ཟླ་4ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་ལ་གཟིགས་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དང་། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་ལག་བསྟར། དུས་རབས་གསར་པའི་དམག་དོན་འཐབ་ཇུས་མཛད་ཕྱོགས་ལག་བསྟར་བཅས་ནན་ཏན་བྱས་ཏེ། དམག་སྦྱོང་དམག་གྲབས་གཏིང་ཟབ་དང་ཕྱོགས་སྒྱུར་འཛུགས་སྐྲུན་མགྱོགས་སུ་གཏོང་བ། དཔུང་སྡེའི་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ནས། ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་ཁག་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཟླ་4པའི་ཀྲེན་ཅང་དུ་རྦ་རླབས་ལང་ལོང་དུ་འཕྱུར་བ་དང་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་ཅིང་། སྔ་དྲོའི་ཆུ་ཚོད་བཅུ་པ་ཡོལ་ཙམ་ལ་ཞི་ཅིན་ཕིང་ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་ལས་ཁུངས་སུ་ཕེབས་འབྱོར་ཟིན་པ་རེད། སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་བའི་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་གིས་ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་མཇལ་འཕྲད་གནང་བ་མ་ཟད། ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
     དེ་རྗེས་ཞི་ཅིན་ཕིང་གིས་ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་གི་འཛུགས་སྐྲུན་གནས་ཚུལ་མཚོན་པའི་རྒྱུད་ལམ་སྣེ་མང་པར་གཞིར་གཟིགས་པ་དང་། འབྲེལ་ཡོད་ལས་དོན་སྐོར་གྱི་སྙན་སེང་གསན་པ་རེད། ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་དཔུང་སྡེའི་འཛུགས་སྐྲུན་དང་ལས་འགན་ལེགས་སྒྲུབ་བྱས་པའི་གནས་ཚུལ་ལ་ཁས་ལེན་གང་ལེགས་གནང་བ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་མཐོ་ཚད་ནས་དམག་དོན་གྱི་གནད་དོན་ལ་བསམ་གཞིག་དང་ཐག་གཅོད་མཐའ་འཁྱོངས་བྱེད་པ་དང་། བློ་རྩ་བརྟན་ལ་སྟབས་བསྟུན་གྱི་སྒོ་ནས་དམག་དོན་འཐབ་རྩོད་བྱེད་པ། རྙོག་འཛིང་ཆེ་བའི་གནས་ཚུལ་ལ་དུས་ཐོག་ཏུ་ཁ་གཏད་འོས་འཚམ་གཅོག་པའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་ཀྱིས། རང་རྒྱལ་གྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས་པ་དང་། མཐའ་འཁོར་གྱི་སྤྱི་ཡོངས་བརྟན་ལྷིང་སྲུང་སྐྱོང་ཧུར་ཐག་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་ཤུགས་སྣོན་དང་། དམག་འཐབ་ལ་བརྟེན་ནས་སྦྱོང་བརྡར་ལ་སྣེ་ཁྲིད་མཐའ་འཁྱོངས། དམག་འཁྲུག་དང་དམག་འཐབ་ཀྱི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ། དམག་འཐབ་ཀྱི་ཐ་སྙད་དང་འཐབ་སྟངས་སྦྱོང་སྟངས་གསར་གཏོད་བཅས་བྱེད་དགོས། དངོས་འཐབ་ཅན་གྱི་འགྲན་རྒོལ་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་དང་གཙོ་གནད་ཞིབ་འཇུག་བྱ་གཞིར་དམིགས་སུ་བཀར་ནས་འགག་སྒྲོལ་དང་སྦྱོང་བརྡར་གནད་འཁེལ་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ཏེ་སྦྱོང་བརྡར་གྱི་ཆུ་ཚད་མཐོ་རུ་དང་དངོས་འཐབ་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དམག་འཐབ་ཀྱི་སྟོབས་ཤུགས་དང་བྱ་ཐབས་དཔེ་གསར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ངོ་བོ་གསར་པའི་དམག་འཐབ་འཇོན་ཐང་ཆེར་གཏོང་གི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ཏེ། སྒྲིག་ཆས་གསར་པ་དང་སྟོབས་ཤུགས་གསར་པའི་དངོས་འཐབ་ཀྱི་འཇོན་ཐང་མགྱོགས་མྱུར་ཆགས་པར་སྐུལ་འདེད་གཏོང་དགོས། མ་ལག་འཛུགས་སྐྲུན་དང་མ་ལག་བཀོལ་སྤྱོད་མཐའ་འཁྱོངས་བྱས་ཏེ། ཞན་ཆ་སེལ་བ་དང་མི་འདང་བའི་ཆ་བསྐངས་ནས་དམག་འཐབ་མ་ལག་སྤྱི་ཡོངས་ནས་རིམ་པ་སྤོར་བར་སྐུལ་འདེད་གཏོང་དགོས།
     ཞི་ཅིན་ཕིང་གིས། དཔུང་སྡེའི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཕྱོགས་ཡོངས་ནས་དམག་དཔུང་ནན་པོས་སྐྱོང་བར་དམ་འཛིན་ནན་པོ་བྱེད་དགོས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ལ་དམ་འཛིན་གཏིང་ཟབ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་བའི་བརྗོད་དོན་གཙོ་བོའི་སློབ་གསོ་སྒྲིག་འཛུགས་དང་ལག་ལེན་ཞིབ་ཚགས་བསྟར་བ། “དམག་དཔུང་སྟོབས་ཆེའི་དགོངས་པ་སློབ་སྦྱོང་བྱེད། དམག་དཔུང་སྟོབས་ཆེར་གཏོང་ཆེད་བྱས་རྗེས་འཇོག”པའི་སློབ་གསོ་ལག་ལེན་བྱེད་སྒོར་སྤྱི་འདོམས་དམ་འཛིན་ཡག་པོ་བཅས་བྱས་ཏེ། འགྱུར་མེད་བློ་ཁ་ཏང་ལ་ཕྱོགས་པའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་དང་མཐུན་སྒྲིལ་ཡར་བརྩོན་གྱི་བསམ་པའི་སྟོབས་ཤུགས་འཕེལ་བར་བྱེད་དགོས་པ། ཤེས་ལྡན་པའི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་དགོས་པ། ཆབ་སྲིད་ཀྱི་དག་ཐེར་སྦྱོང་བརྡར་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་བཏང་སྟེ། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་སྤྱོད་ཚུལ་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་དགོས་པ། དཔུང་སྡེའི་སློབ་གསོ་དང་དོ་དམ་ལ་ཤུགས་སྣོན་དང་རྒྱུན་འཁྱོངས་ལྷོད་མེད་ངང་གཞི་རིམ་དུ་རྨང་གཞི་འདིང་བར་དམ་འཛིན་བྱས་ཏེ། དཔུང་སྡེའི་བདེ་འཇགས་དང་བརྟན་ལྷིང་འགན་ལེན་བྱེད་དགོས་པ། རིམ་པ་ཁག་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་བརྟག་དཔྱད་ཞིབ་འཇུག་དར་ཁྱབ་ཤུགས་ཆེན་བཏང་སྟེ། དམག་དཔུང་འཛུགས་སྐྲུན་བྱེད་རིང་གི་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་ནན་ཏན་དང་རང་འགུལ་ངང་དཔོན་དམག་ལ་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་ཧུར་ཐག་བྱས་ནས། རྒྱ་ཆེའི་དཔོན་དམག་གི་སྣེ་ཁྲིད་དེ་ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་པའི་མཛུབ་སྟོན་གནང་བ་རེད།
     ཀྲང་ཡིའུ་ཞ་སོགས་བྱེད་སྒོར་ཞུགས་པ་རེད།