འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྤྱི་ཁྱབ་ཧྲུའུ་ཅིས་མི་དམངས་ལ་བཅངས་པའི་བརྩེ་སེམས། སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་གནང་སའི“ལྟོ་ཕོར་གཉིས”

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་13ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་གི་གསར་འགོད་པ། ཝང་ཧའོ། ཏིང་དབྱི་ཐིང་།
     “ལྟོ་ཕོར་གཉིས”ཏེ། འབྲུ་རིགས་དང་ནུས་རྒྱུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཆེན་པོ་གནང་གི་ཡོད།
     “སྤྱི་ཁྱབ་ཧྲུའུ་ཅིས་འབྲུ་རིགས་ཀྱི‘ལྟོ་ཕོར’ཐུགས་ལ་བཅངས་ནས། ང་ཚོ་ཞིང་པར་ཐུགས་ཁུར་གནང་གི་ཡོད” ཨན་ཧུའེ་ཧྥུང་དབྱང་རྫོང་ཞའོ་ཀང་གྲོང་ཚོའི་དཔྱིད་རྨོད་ལས་ལ་བྲེལ་བཞིན་པའི་གྲོང་མི་ཁྲེང་ཞི་པིང་གིས་2016ལོའི་ཟླ་4ཚེས་25ཉིན་གྱི་གནས་ཚུལ་དྲན་གསོ་བྱེད་བཞིན་དུ། “ངས་ཞིང་ཁར་ལས་ཀ་བྱེད་བཞིན་མགོ་ཡར་བཀྱགས་ནས་ལྟ་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞིང་ནང་དུ་ཕེབས་པ་མཐོང་བྱུང”ཞེས་བཤད།
     “ལྔ་པའི་ཚེས་ལྔའི་དུས་ཆེན་ལ་བསྡུ་ཐུབ་བམ། བསྡུས་རྗེས་གང་འདེབས་རྩིས་ཡོད་དམ་ཞེས་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། ད་དུང་སྤྱི་ཁྱབ་ཧྲུའུ་ཅིས་ང་ལ་ཕྱག་བཏང་ནས་ལོ་ལེགས་ཡོང་བའི་སྨོན་འདུན་ཞུས་བྱུང”ཞེས་བཤད།
     “ངའི་ཚབ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིར་ལན་ཞིག་སྣོམ་རོགས། ན་ནིང་འབྲུ་རིགས་རྒྱ་མ་ཁྲི་80ལྷག་ཙམ་བྱུང་བ་དང་། ད་ལོ་མུ་མཐུད་ཤུགས་བརྒྱབ་ནས་རྒྱལ་ཁབ་ཀྱི‘ལྟོ་ཕོར’ལ་ནུས་ཤུགས་འདོན་གྱི་ཡིན”
     ནུས་རྒྱུ་ནི“ལྟོ་ཕོར”གཞན་ཞིག་ཡིན་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་དང་འདྲ་བར་ཐུགས་ཁུར་ཆེན་པོ་གནང་གི་ཡོད།
     2021ལོའི་ཟླ་10ཚེས་21ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཧྲན་ཏུང་ཏུང་དབྱིང་གྲོང་ཁྱེར་གྱི་རྒྱལ་ཁའི་སྣུམ་ཞིང་དུ་ཕེབས་ཤིང་། ཁྲོན་སྟེགས་ཀྱི་མཐོ་ཚད་ལ་སྨི་10ལྷག་ཙམ་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ལྕགས་སྐས་ལ་འཛེགས་ནས་ལས་ཀ་བྱེད་བཞིན་པའི་རྡོ་སྣུམ་བཟོ་པར་བྱམས་བརྩེའི་ངང་སྤེལ་རེས་གནང་བ་རེད།
     སྤྱི་ཁྱབ་ཧྲུའུ་ཅིས“རྡོ་སྣུམ་ནུས་རྒྱུ་འཛུགས་སྐྲུན་ནི་ང་ཚོའི་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེན་པོའི་ངོས་ནས། ཀྲུང་གོས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་ན། ནུས་རྒྱུའི་ལྟོ་ཕོར་ངེས་པར་དུ་རང་ཉིད་ཀྱི་ལག་ཏུ་འཛིན་དགོས”ཞེས་ཚང་མར་སྐུལ་ལྕག་གནང་།
     “མངགས་བཅོལ་བློ་ལ་བརྟན་པོར་འཆང་བ་དང་གསར་གཏོད་ལ་བརྟེན་ནས་ཚོགས་པས་སྐྲ་ཡི་ཉག་པའི་ཚངས་ཐིག་1/270ཡི་སྲུབས་ཀ་ནས་སྣུམ་བཙལ་ཏེ་སྣུམ་གསོག་འཇོག་མང་པོ་ཐུབ་པར་བྱེད་ཀྱི་ཡོད”ཅེས་རྒྱལ་ཁའི་སྣུམ་ཞིང་རྩད་ཞིབ་གསར་སྤེལ་ཞིབ་འཇུག་ཁང་གི་དབུ་བཞུགས་རིགས་གཅིག་མཁས་ཅན་ཅང་ལུང་གིས་བཤད།
     མི་འབོར་དུང་ཕྱུར་14ལྷག་ཙམ་ཡོད་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་ངོས་ནས་བརྗོད་ན། “ལྟོ་ཕོར”གཉིས་གལ་འགངས་ཤིན་ཏུ་ཆེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བྱང་ཤར་གྱི་འབྲུ་མཛོད་དང་། ཉ་དང་འབྲས་ཀྱི་ཕ་ཡུལ། ས་སེར་མཐོ་སྒང་བཅས་ཀྱི་ཞིང་ནང་མུ་ཁ་དང་ནུས་རྒྱུའི་ཁེ་ལས་སུ་ཕེབས་ནས་ཐུགས་ཁུར་ཟབ་མོ་གནང་བ་མ་ཟད། ཚན་རིག་དང་མཐུན་པའི་འཆར་འགོད་ཀྱང་གནང་ཡོད།
     “ལྟོ་ཕོར”གཉིས་བརྟན་པོར་སྲུང་བར་མཐའ་ཚད་ཀྱི་བསམ་གཞིག་བརྟན་པོར་བསྲུངས་ནས་བདེ་སྡོད་ཉེན་བསམ་བྱེད་དགོས།
     “འབྲུ་རིགས་ཟ་རྒྱུ་ཡོད་པའི་སྐབས་སུ་འབྲུ་རིགས་མེད་པའི་སྐབས་ཀྱི་གནས་ཚུལ་བློ་ལ་འཁོར་བར་བྱེད་དགོས” “ང་ཚོས‘ཁྲོམ་ར་གཉིས’སྤྱོད་དགོས་མོད། འོན་ཀྱང་ངེས་པར་དུ་བདེ་འཇགས་ཀྱི་ཚད་གཞི་ཞིག་ཡོད་དགོས། དེ་ལས་བརྒལ་ན་རྫོགས་སྲིད” འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ། སེམས་ཁྲལ་བྱེད་པ་དང་། བློ་ལ་འཆང་བ། བྱ་སྤྱོད་དུ་འཁྱོལ་བ་བཅས་བྱེད་དགོས།
     “འཕྲལ་སྡོམ་བཀག་འགོག”དང་ལས་འགུལ་རྣམ་པའི“ཐཱན་ཉུང་གཏོང”གི་སྣང་ཚུལ་མཁྱེན་རྗེས། 2022ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། “‘ལྟོ་ཕོར’གསར་པ་མ་རག་གོང་ལག་གི‘ལྟོ་ཕོར’རྙིང་པ་སྔོན་ལ་དབྱུགས་ན་མི་འགྲིག”ཅེས་ས་གནས་ཁག་ལ་དྲན་སྐུལ་གནང་།
     ས་གནས་ཁག་གཅིག་གིས་རྨོ་ཞིང་བཟུང་གསབ་དོ་སྙོམས་ཐད་མི་བདེན་རྫུན་སྒྲིག་བྱས་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། 2022ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་མཁན་ཞིང་ལས་རིགས་ཁོངས་དང་། སྤྱི་ཚོགས་ཕན་བདེ། སྤྱི་ཚོགས་འགན་སྲུང་རིགས་ཁོངས་བཅས་ཀྱི་ཨུ་ཡོན་ཚོར་གཟིགས་སྐབས། “ཕྲན་བུ་མ་ཉར་ན་ག་ལ་འགྲིག ངེས་པར་དུ་བདེ་འཇགས་ཀྱི་བཏགས་གྲངས་ཆེན་པོ་ཞིག་ཡོད་དགོས”ཞེས་ཁ་གསལ་བསྟན་ཡོད།
     མཐའ་ཚད་བསྲུངས་ནས་ལྟོ་ཕོར་མཉམ་དུ་འཁྱེར་བ་དང་། འགན་འཁྲི་མཉམ་དུ་འཁུར་དགོས། 2020ལོའི་ཟླ་12པར་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འབྲུ་རིགས་ཀྱི་བདེ་འཇགས་ཐད་ཏང་སྲིད་ཀྱི་འགན་འཁྲི་མཉམ་འཁུར་ལག་བསྟར་བྱས་ཏེ། ‘ཟ་འབྲུ’ཞིང་སྤྱིས་འགན་འཁུར་དགོས་ལ་ཧྲུའུ་ཅིས་ཀྱང་འགན་འཁུར་དགོས”ཞེས་བསྟན་ཡོད།
     “ལྟོ་ཕོར”གཉིས་བརྟན་པོ་འཛིན་པར་འཐབ་ཇུས་ཀྱི་བསམ་གཞིག་ལ་བརྟེན་ནས་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས།
     “ལྟོ་ཕོར”གཉིས་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བའི་ཐོག་མའི་ཐོན་རྫས་དང“འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་ཁོང་དུ་བརྟན་པོར་ཆུད་པའི”གདེང་སྤོབས་གནས་ས་རེད།
     སུས་ཀྲུང་གོ་གསོ་ཐུབ་བམ། རང་ཉིད་ཀྱིས་རང་ཉིད་གསོ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འབྲུ་རིགས་མང་ཙམ་དང་ཉུང་ཙམ་ནི་འཐབ་རྩལ་གྱི་གནད་དོན་ཞིག་རེད། འབྲུ་རིགས་བདེ་འཇགས་ནི་འཐབ་ཇུས་ཀྱི་གནད་དོན་རེད། རང་རྒྱལ་གྱིས་སྤྱི་ཚོགས་བརྟན་ལྷིང་དང་མི་སེམས་རྣལ་དུ་འབེབས་ཐུབ་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ནི་ང་ཚོའི་ལག་ཏུ་འབྲུ་རིགས་ཡོད་ཙང་། སེམས་པ་འཚབ་དགོས་མེད”ཅེས་ཡང་ཡང་ནན་བཤད་གནང་ཡོད།
     2022ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཚོ་བྱིངས་ཨང་དང་པོའི”ལས་སྒྲུབ་ལས་སྟེགས་དང་འབྲེལ་མཐུད་གནང་ནས་བཀའ་མོལ་གནང་སྐབས། “ང་ཚོ་རང་ཉིད་ཀྱིས་བཟོས་པའི་སྒྲིག་ཆས་སྤྱད་དེ་ང་ཚོའི་སྣུམ་རླངས་གསར་སྤེལ་བྱས་ནས། ང་ཚོའི་ནུས་རྒྱུ་རང་མཁོ་རང་སྤྲོད་བྱེད་ཚད་མཐོ་རུ་གཏོང་བ་དང་ང་ཚོའི་ནུས་རྒྱུའི་བདེ་འཇགས་འགན་ལེན་བྱེད་དགོས། འདི་ནི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་བྱ་བ་ཞིག་རེད”ཅེས་ནན་བཤད་གནང་ཡོད།
     “ལྟོ་ཕོར”གཉིས་བརྟན་པོ་འཛིན་པར་བརྒྱུད་རིམ་གྱི་བསམ་གཞིག་མཐའ་འཁྱོངས་བྱས་ནས་མཉམ་དུ་ཤུགས་རྒྱག་དགོས།
     2014ལོའི་ཟླ་5པར་ཧོ་ནན་ཝེ་ཧྲི་རྫོང་ཀྲང་ཧྲེ་གྲོང་རྡལ་གྱི་ཚད་གཞི་མཐོ་བའི་ཞིང་ཁའི་ཕྱོགས་བསྡུས་གསར་སྤེལ་དཔེ་སྟོན་ཁུལ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི་བཀའ་མོལ“འབྲུ་རིགས་ཐོན་སྐྱེད་ཀྱི་རྩ་བ་ནི་རྨོ་ཞིང་དང་། སྲོག་རྩ་ནི་ཆུ་བེད། མདུན་ལམ་ནི་ཚན་རྩལ། སྒུལ་ཤུགས་ནི་སྲིད་ཇུས་རེད” “གང་ས་ཅི་ཐད་ནས་འབྲུ་རིགས་བདེ་འཇགས་ཀྱི་རྩ་བའི་རྨང་གཞི་བརྟན་དུ་གཏོང་དགོས”པ་འདི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་དུ་བཀོད་ཡོད།
     “ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་བྱེད་པ་ནི། རྒྱ་ཆེ་ཞིང་གཏིང་ཟབ་པའི་འཕོ་འགྱུར་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མ་ལག་གི་འདུ་ཤེས‘ཐཱན་གཉིས’ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས” “འཕེལ་རྒྱས་དང་བཙོག་འབུད་ཉུང་དུ་གཏོང་བའི་འབྲེལ་བ”དང་། “སྤྱི་ཡོངས་དང་ཆ་ཤས་ཀྱི་འབྲེལ་བ” “ཕུགས་ཀྱི་དམིགས་ཚད་དང་དུས་ཐུང་གི་དམིགས་ཚད་ཀྱི་འབྲེལ་བ” “སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ”བཅས་ཐག་གཅོད་ཡག་པོ་བྱས་ཏེ། ལས་དོན་ཏན་ཏིག་སྤེལ་ནས་ནུས་རྒྱུའི་གྲུབ་ཆ་འབྱུང་འཕྲོད་དང་ཐཱན་ཉུང་ཕྱོགས་སྒྱུར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
     “ལྟོ་ཕོར”གཉིས་བརྟན་པོ་འཛིན་པར་མི་དམངས་ཀྱི་ལངས་ཕྱོགས་ལ་གཞིགས་ནས་ཐོག་མའི་བསམ་འདུན་དང་མཐུན་དགོས།
      འདི་ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐ་ལི་མུ་སྣུམ་ཞིང་ཀུང་སིའི་ལུན་ནན་སྣུམ་རླངས་གསོག་འདྲེན་ལྟེ་གནས་ནུབ་རླངས་ཤར་འདྲེན་གྱི་ས་ཚིགས་དང་པོ་ཁེ་ལ་རླུང་གསོག་ཁུལ་དང་ཞལ་པར་ནས་བཀའ་མོལ་གནང་སྐབས། “དམངས་འཚོའི་ནུས་རྒྱུ་སྤྱོད་པའི་མཐའ་ཚད་བསྲུངས་ནས་མང་ཚོགས་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
     འབྲུ་འདེབས་ཞིང་པའི་ཡོང་འབབ་འགན་ལེན་ཐུབ་ཡོད་དམ། ཉིང་ཞ་ཧེ་ལན་རྫོང་འབྲས་ཞིང་དང་ཉ་གསོའི་བར་མཐོངས་ཀྱི་གྲོང་གསེབ་སྐྱེ་ཁམས་ལྟ་སྐོར་གླིང་དུ་སྤྱི་ཁྱབ་ཧྲུའུ་ཅིས་ཚ་བ་ཆེ་བར་མ་འཛེམས་པར་ཞིང་ནང་དུ་ཕེབས་ཏེ། “ཞིང་པའི་ས་ཞིང་སྤྱད་དེ་ཚ་ཚ་འུར་འུར་གྱི་ལས་ཀ་བསྒྲུབས་རུང་ཞིང་པ་དང་འབྲེལ་བ་མེད་པའི་ལས་ཀ་བྱ་མི་རུང”ཞེས་མངགས་བཅོལ་གནང་བ་རེད།
     དུས་རབས་གསར་པའི་ལོ་བཅུའི་རིང་། མི་འབོར་དུང་ཕྱུར་14ལྷག་ཙམ་གྱི་འབྲུ་རིགས་ཀྱི་བདེ་འཇགས་དང་ནུས་རྒྱུའི་བདེ་འཇགས་འགན་ལེན་ནུས་ལྡན་ཐུབ་ནས། “ལྟོ་ཕོར”གཉིས་བརྟན་པོར་བཟུང་སྟེ་ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་པོ་རླབས་གཤགས་མདུན་སྐྱོད་ཐུབ་ཡོད།