འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ལྗོངས་མངའ་རིས་སུ་རྒྱུ་བཞིན་པའི་རྐྱང་ཁྱུ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་11ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།བོད་ལྗོངས་མངའ་རིས་སུ་རྒྱུ་བཞིན་པའི་རྐྱང་ཁྱུ།
     ཟླ་4ཚེས་10ཉིན། བོད་ལྗོངས་མངའ་རིས་ས་ཁུལ་རྩ་མདའ་རྫོང་དུ་པར་བླངས་པའི་རྐྱང་རེད། རྐྱང་ནི་རྒྱལ་ཁབ་ཀྱི་་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རིམ་པ་དང་པོ་དང་། མཚོ་བོད་ས་མཐོའི་ཁྱད་ལྡན་སྲོག་ཆགས་ཤིག་རེད། བོད་ཀྱི་རྐྱང་ནི་རང་རྒྱལ་གྱི་རྐྱང་གི་ཁྲོད་ནས་གཟུགས་གཞི་ཆེ་ཤོས་གྲས་ཤིག་ཡིན་ཞིང་། ཕྱི་དབྱིབས་མོང་གོལ་གྱི་རྐྱང་དང་འདྲ་ཡང་མོང་གོལ་གྱི་རྐྱང་ལས་ཧ་ཅང་ཆེ་བ་མ་ཟད། གཤིས་ཀ་ཡང་མོང་གོལ་གྱི་རྐྱང་ལས་རྩུབ་པ་རེད། དེའི་རྐང་ལག་དང་སྦོ། སྐེ་བཅས་དཀར་པོ་ཡིན་པ་དང་། རྣ་ཁུང་དང་སྣ་སྣེ་ཡང་དཀར་པོ་ཡིན། སྒལ་པའི་སྟེང་ནས་མཇུག་མ་བར་དུ་ཟེ་སྤུ་ནག་ཕྲ་ཡོད་པ་དང་། རྔ་མར་སྤུ་ནག་ཕྲ་མོ་ཡོད། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་སྣོད་བཅུད་སྲུང་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་བསྟུན་ནས། རྐྱང་ལ་སོགས་པའི་བདག་མེད་སྲོག་ཆགས་སྣ་ཚོགས་ཡང་ཡང་མཐོང་རྒྱུ་ཡོད།
【1】  【2】
༄༅།།བོད་ལྗོངས་མངའ་རིས་སུ་རྒྱུ་བཞིན་པའི་རྐྱང་ཁྱུ།