འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལོ་དུང་ཕྱུར་4.1གོང་གི་འགྱུར་རྡོ་ཡིས་གསང་བ་འདི་བརྟོལ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་11ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ལོ་དུང་ཕྱུར་4.1གོང་གི་འགྱུར་རྡོ་ཡིས་གསང་བ་འདི་བརྟོལ།
     ཟླ་4ཚེས་10ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཀྲུང་གོའི་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་(ཀྲུང་གོའི་ཚན་རིག་ཁང་གནའ་བོའི་སྒལ་ཚིགས)ཚན་ཞིབ་ཚོགས་པའི་ཀེ་ཀྲི་ཁུན་དང་། ལིན་ཞང་ཧུང་། ཧྲན་ཞན་རེན་བཅས་ཀྱིས་དབྱིན་ཇིའི་པུའུ་ལི་སི་ཐུའོ་སློབ་ཆེན་དང་མཉམ་ལས་བྱས་ནས། ཕལ་ཆེར་ལོ་ངོ་དུང་ཕྱུར་4.1གི་སྔོན་ལ་ཀོང་ཞིའི་འདམ་གཞོང་དུས་རབས་ཀྱི་གནའ་བོའི་ཉ་རིགས་ཁྱད་པར་ཅན་སྦས་པའི་སྐྱེ་དངོས་ཚོགས་པའི་ཁྲོད་རྙེད་པའི་རྔ་གཤོག་ཆ་ཚང་ཉར་ཚགས་བྱས་པའི་ཁྲབ་རྨོག་ཉ་རིགས་ཐོག་མ་སྟེ། མཇུག་དགུའི་ཝ་ཁྲའི་འགྱུར་རྡོ་ལེགས་སྒྲུབ་བྱས་པའི་ཞིབ་འཇུག་གསར་ཤོས་ལས། ཁྲབ་རྨོག་ཉ་རིགས་ནི་ཆུ་རྐྱལ་ནུས་པ་ཅུང་ཆེ་བའི་མགྱོགས་མྱུར་ཆུ་རྐྱལ་མཁན་ཞིག་ཡིན་པ་དང་། དེའི་སྐོར་ཞིབ་ཆུ་རྐྱལ་གྱི་མྱུར་ཚད་ཐ་ན་དེ་ལས་ཡར་ཐོན་ཆེ་བའི་མགལ་ཡོད་ཉ་རིགས་ཁ་ཤས་ལས་ཀྱང་མགྱོགས་པས། སྲོལ་རྒྱུན་གྱི“་ཧུར་ཐག་གིས་ཟས་འཚོལ་བ་ལས་མགལ་ཡོད་ཉ་རིགས་བྱུང་བ་ཡིན”ཞེས་པའི་རྟོག་བཤད་ལ་དགག་པ་བརྒྱབ་པ་རེད། 
【1】  【2】
༄༅།།ལོ་དུང་ཕྱུར་4.1གོང་གི་འགྱུར་རྡོ་ཡིས་གསང་བ་འདི་བརྟོལ།