འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། དག་ཐེར་འཚོལ་བཤེར་བཅས་འགོ་ནས་མཇུག་བར་ཁྱབ་པར་བྱེད་དགོས།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 04ཚེས་11ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
     “ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོར་དུས་མཚམས་དང་ལྷུ་ཚིགས་མི་དབྱེ”ཞེས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཙོ་གནད་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པར་བླང་བྱ་ཁ་གསལ་བཏོན་ནས“རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། དག་ཐེར་འཚོལ་བཤེར་བཅས་འགོ་ནས་མཇུག་བར་ཁྱབ་པར་བྱས་ནས་ཟུང་འབྲེལ་ནུས་ལྡན་དང་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་བ་རེད།
     རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པར་མ་རྩོམ་ཀློག་པ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་མཐའ་འཁྱོངས་དང་། བསམ་བློ་མང་ཙམ་གཏོང་བ་དང་ཟབ་སྦྱོང་མཐིལ་རྟོགས་མཐའ་འཁྱོངས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མ་ལག་དང་། སྙིང་བཅུད་ཀྱི་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་ལེན་པ་བཅས་བྱས་ཏེ། སྤྱི་ཡོངས་ལ་སྟངས་འཛིན་དང་ཡོངས་ཁྱབ་མཐིལ་རྟོགས་ཐུབ་པར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་རྩ་བའི་བླང་བྱ་ཞིག་ཡིན་པར་ངེས་པར་དུ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་ཤུགས་ཆེན་བཏང་ནས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པ་དང་དུས་ཐོག་ཏུ་རྗེས་སྙེག་མཐའ་འཁྱོངས་དང་། ཤེས་སྦྱོར་ཟུང་འབྲེལ་དང་སྦྱངས་པ་གོ་ཆོད་མཐའ་འཁྱོངས། དོན་དངོས་དང་ཟུང་འབྲེལ་དང་ལས་གནས་སུ་གཞི་ཚུགས་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ལས་དོན་གང་ཞིག་སྒྲུབ་ཀྱང་གཙོ་གནད་སྦྱོང་བ་དང་དེའི་ཚིག་དོན་ཙམ་མ་ཟད་དེའི་དོན་སྙིང་སྔར་བས་ཤེས་རྟོགས་ཐུབ་པ་དང་། དེ་ཇི་ལྟར་ཡིན་ལུགས་རྟོགས་དགོས་ལ་དེ་ལྟར་ཡིན་པའི་གནས་ལུགས་ཀྱང་སྔར་བས་རྟོགས་ཐུབ་པར་བྱས་ནས་ཟབ་སྦྱོང་དང་། ཞིབ་བསྡུར། ལག་ལེན་བཅས་ཀྱི་ཁྲོད་ནས་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། གོ་རྟོགས་སད་ཚད་མཐོ་རུ་གཏོང་བ། འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས།
     བརྟག་དཔྱད་ཞིབ་འཇུག་བྱེད་པར་ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་དར་བ་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ལས་ཀའི་ཇུས་གཞི་གཞིར་བཟུང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་ལྷག་པར་དུ་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་སེམས་རྣལ་དུ་ཕབ་པ་དང་འཐབ་ཕྱོགས་དང་པོར་སྐྱོད་པ་དང་། གྲོང་གསེབ་དང་། སྡེ་ཁུལ། ཁེ་ལས། སྨན་ཁང་། སློབ་གྲྭ “གསར་གཉིས”རྩ་འཛུགས་སོགས་གཞི་རིམ་ཚན་པར་སྐྱོད་པ། རྩ་བརྟག་ནད་བཅོས་དང་ཆུང་རྩད་ཆེ་ཤེས་བྱེད་པ། གནད་དོན་གསེད་བཀྲོལ་དང་དཀའ་གནད་གྲལ་བཤེར་བཅས་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་དེ་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱེད་དགོས། གནས་ཚུལ་ངོ་མ་དང་དམངས་ཀྱི་གནས་ཚུལ་དང་བསམ་འདུན་ཤེས་རྟོགས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་བྱེད་རིང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་ཚད་ཟབ་ཏུ་གཏོང་བ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་པའི་བརྒྱུད་རིམ་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་ནས་ལག་ལེན་དངོས་ཀྱི་བཀོལ་སྤྱོད་ལ་བསྒྱུར་བའི་བརྒྱུད་རིམ་དང་། སྤྱོད་ཚུལ་ལེགས་གཏོང་དང་མང་ཚོགས་དང་བརྩེ་དུང་ཟབ་ཏུ་གཏོང་བའི་བརྒྱུད་རིམ། འགན་འཁྲི་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བ་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བའི་བརྒྱུད་རིམ་བཅས་སུ་འགྱུར་བ་བྱེད་དགོས།
     འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་ལས་འགན་ཨང་དང་པོ་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་པོར་དམིགས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འཕེལ་རྒྱས་ཀྱི་ལག་ལེན་ལ་མཛུབ་ཁྲིད་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པར་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་ལ་སྐུལ་འདེད་གཏོང་བ། སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པར་བཀོད་སྒྲིག་བྱས་པའི་ལས་འགན་ཁག་ལེགས་སྒྲུབ་བྱེད་པའི་ཁྲོད་དོན་འཁྱོལ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་གསར་པའི་ཐོག་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས། དཀའ་གནད་སེལ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་འཐབ་ཇུས་ཀྱི་རིག་པ་དྭངས་གསལ་དང་། འཐབ་ཇུས་ཀྱི་གདེང་ཚོད། འཐབ་ཇུས་ཀྱི་རང་འགུལ་བཅས་རྒྱུན་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། བྱ་བ་དངོས་སྒྲུབ་པ་དང་། དམངས་ཀྱི་དཀའ་སྡུག་སེལ་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་བཅས་བྱས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་དངོས་ཐག་གཅོད་བྱེད་དགོས།
     ལྟ་བཤེར་བཅོས་སྒྲིག་བྱེད་པར་སློབ་སྦྱོང་བྱེད་ཞོར་ལྟ་བསྡུར་དང་། ལྟ་བཤེར། དག་ཐེར་བཅས་མཐའ་འཁྱོངས་བྱས་ཏེ། གནད་དོན་དག་ཐེར་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ནས་མཇུག་བར་ཁྱབ་པར་བྱས་ནས། མི་དམངས་མང་ཚོགས་ཚོས་གནད་དོན་ཐག་གཅོད་ཀྱི་ཕན་འབྲས་དངོས་ཏན་ཏིག་ཚོར་བར་བྱེད་དགོས། གནད་དོན་ལ་ཐད་ཀར་གདོང་གཏད་ཕོད་པ་དང་ནོར་འཁྲུལ་ཡོ་བསྲང་བྱེད་ཕོད་པ་ནི་རང་རེའི་ཏང་གི་མངོན་གསལ་དོད་པའི་ཁྱད་ཆོས་དང་ལེགས་ཆ་ཡིན། གྲི་དངོ་ནང་གཏད་ཀྱི་རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་སྟེ་རིགས་དབྱེ་དག་ཐེར་དང་གཅིག་སྡུད་བཅོས་སྐྱོང་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་མི་འདང་བའི་ཆ་བཤེར་འདོན་གཏིང་ཟབ་བྱེད་པ་དང་། གནད་དོན་གྱི་གསལ་ཐོ་འགོད་པ། གནད་དོན་མངོན་གསལ་ཅན་དག་ཐེར་དང་བཅོས་སྒྲིག་ལ་དམ་འཛིན་བཅས་བྱས་ཏེ་ཕན་འབྲས་དངོས་ཐོན་པར་བྱེད་དགོས།
     ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་སྒྱུར་བཀོད་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ཆེན་ཞིག་ཡིན་པས། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ལྟ་བཤེར་བཅོས་སྒྲིག་བཅས་འགོ་ནས་མཇུག་བར་ཁྱབ་པར་བྱེད་དགོས་ན། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་སྤྱོད་དགོས།
     རང་རེའི་ཏང་གིས་ལོ་ངོ་བརྒྱའི་རིང་འབད་འཐབ་བྱས་པའི་གྲུབ་འབྲས་རླབས་པོ་ཆེ་ཚང་མ་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འཐབ་བྱས་པ་ལས་བྱུང་བ་ཤ་སྟག་ཡིན་པས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཀོད་པའི་བརྗིད་ཆེའི་འཆར་གཞི་དེ་དག་དོན་དངོས་ལ་བསྒྱུར་བར་བྱེད་དགོས་ན། སྔར་བཞིན་ཧུར་ཐག་འབད་ཐག་བྱེད་དགོས། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་མཐའ་འཁྱོངས་ཀྱིས་སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ལེགས་གཏོང་། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཕུགས་བསམ་བརྟན་དུ་གཏོང་བ་དང་། ཏང་གཤིས་ལ་ཞུན་བརྡར། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱས་ནས། ཏང་ཡོངས་སུ་བསམ་བློ་གཅིག་གྱུར་དང་། བློ་རྩ་བརྟན་པ། བྱ་སྤྱོད་གཅིག་མཐུན། འཐབ་ནུས་ཆེན་པོ་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་ཚེ། ང་ཚོས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པར་བྱས་རྗེས་ངོ་མཚར་ཅན་གསར་པ་དེ་བས་ཆེ་བ་འཇོག་ཐུབ་ངེས་རེད།